མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་བདུན་པའི་ཁམས་པའི་རིག་གནས་དུས་ཆེན་ནར་འགྱངས་བྱས་ནས་སྤྱི་ཟླ10བའི་ཚེས19ཉིན་ནས་ཚེས23ཉིན་བར་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རའི་ཚགས་པར།  2013-10-19 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རིག་གནས་ཅུད་ནས་ཤེས་རྟོགས་བྱུང་བར་ལྟར་ན། གཏན་འཁེལ་ལྟར་སྤྱི་ཟླ10པའི་ཚེས15ཉིན་ནས་ཚེས19ཉིན་བར་སྤེལ་རྒྱུ་ཡིན་པའི་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་གནད་དོན་ཁག་གི་རྐྱེན་གྱིས་སྤྱི་ཟླ10པའི་ཚེས19ཉིན་ནས་ཚེས23ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

 ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་དུས་འགོར་གྲོས་འགོ་འདོན་ནས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། བོད་ལྗོངས་ཆབ་མདོ་ས་ཁུལ་བཅས་དུས་བཀག་ལྟར་རེ་མོས་བྱས་ནས་སྤེལ་བའི་བྱེད་སྒོ་ཞིག་ཡིན་པ་དང་། བྱེད་སྒོ་དེ་ནི་ས་ཁུལ་ཁག་གི་དཔལ་འབྱོར་རིག་གནས་ཕན་ཚུན་སྤེལ་རེས་བྱས་ཏེ་ཁམས་པའི་རིག་གནས་དར་སྤེལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྤེལ་བ་ཡིན་པ་རེད།  །   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག