མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྔོན་གྱི་དུས་ཚིགས་གསུམ་ནང་ཆུ་གསུམ་རྫོང་གིས་དཔྱ་ཁྲལ་ཡོང་སྒོ་སྒོར་ཁྲི3012མངོན་འགྱུར་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-18 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ཡོང་སྒོ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔྱ་ཁྲལ་ཡོངས་ཁུངས་གལ་ཆེན་ལ་ལྟ་ཞིབ་ཚོད་འཛིན་བྱེད་པ་དང་། དཔྱ་ཁྲལ་བསྡུ་བའི་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས། “འཛིན་བྱང་ལྟར་དཔྱ་ཁྲལ་ལ་ཚོད་འཛིན་དང་དོ་དམ་བྱེད་པ”དང་། “བསྡུ་དགོས་པའི་དཔྱ་ཁྲལ་ཡོད་ཚད་བསྡུ་རྒྱུ་ཡིན་པའི”རྩ་དོན་རྒྱུན་འཁྱོངས་བྱས་པ་བརྒྱུད་དེ། དཔྱ་ཁྲལ་ཡོང་སྒོ་རིགས་སོ་སོ་དུས་ལྟར་སྒོར་གྲངས་ལོངས་བའི་ངང་མཛོད་དུ་འཇུག་ཐུབ་པར་འགན་སྲུང་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་ཆུ་གསུམ་རྫོང་གིས་དཔྱ་ཁྲལ་ཡོང་སྒོ་སྒོར་ཁྲི3012མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས་སྒོར་ཁྲི198ཇེ་མང་དུ་སོང་བ་དང7%འཕར་ཡོད་ལ། ལོ་ཧྲིལ་བོའི་དཔྱ་ཁྲལ་ལས་འགན་གྱི91.3%ལེགས་འགྲུབ་བྱུང་། དཔྱ་ཁྲལ་ཡོང་སྒོའི་ཁྲོད། གཏེར་འདོན་ལས་རིགས་དང་། སྡེབ་འཚོང་སིལ་འཚོང་ལས་རིགས། འཛུགས་སྐྲུན་ལས་རིགས་བཅས་ཁྲལ་འཇལ་ལས་རིགས་ཆེན་པོ་གསུམ་གྱིས་སོ་སོ་ནས་དཔྱ་ཁྲལ་ཡོང་སྒོའི48.14%དང་། 27.72%། 22.11%བཅས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག