ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་སྐབས་སུ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་གནས་སྐོར་ལ་ཡོང་བའི་མི་གྲངས་མངོན་གསལ་དུ་འཕར་སྣོན་བྱུང་ཡོད་པ་སྟེ། སྤུ་ཧྲེང་རྫོང་གི་བླ་རི་དང་། བླ་མཚོ། འཁོར་ཆགས་དགོན་པ་སོགས་གནས་སྐོར་ས་ཁུལ་གྱིས་བསྡོམས་པས་གནས་སྐོར་བ་མི1220ལྷག་སྣེ་ལེན་བྱས་ཤིང་དུས་མཉམ་ལས11%འཕར། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ལྗོངས་རྒྱུ་ཁུལ་སོ་སོའི་སྒྲིག་ལམ་གོ་རིམ་ལྡན་ལ་གནས་སྐོར་ཚོང་རའི་སྒྲིག་ལམ་ཡང་ལེགས་པོ་ཡིན་པས། གནས་སྐོར་བདེ་འཇགས་དོན་རྐྱེན་དང་གནས་སྐོར་གྱོད་དོན་གལ་ཆེན་གཅིག་ཀྱང་མ་བྱུང་། །