མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་གསུམ་རྫོང་གིས《གནས་སྐོར་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-17 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གནས་སྐོར་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ཁྲིམས་ལུགས་སྦྱང་བ་དང་ཁྲིམས་ལུགས་ཤེས་བྱ། ཁྲིམས་ལུགས་བརྩི་སྲུང་བྱེད་པའི་སྣང་ཚུལ་ཡག་པོ་བསྐྲུན་ནས། 《གནས་སྐོར་བཅའ་ཁྲིམས》ལག་བསྟར་བྱེད་པར་རྨང་གཞི་བཏིངས།

ཐེངས་འདིའི་བྱ་འགུལ་ཁྲོད་འཕྲེད་བྱང་འགེལ་བ་དང་དྲིལ་བསྒྲགས་ཡིག་ཆ་སྟེར་བའི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་དང་གནས་སྐོར་བར《གནས་སྐོར་བཅའ་ཁྲིམས》ཁྲོད་རང་ཉིད་ལ་དབང་བའི་ཁེ་དབང་ཇེ་ལྟར་བེད་སྤྱོད་བྱེད་རྒྱུ་དང་འོས་འགན་ཇི་ལྟར་བརྩི་སྲུང་བྱེད་དགོས་པ། གནས་སྐོར་བ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་དང་རང་ཉིད་ཀྱི་རྒྱུ་ནོར་ལ་གནོད་འཚེ་མི་ཕོག་པར་ཇི་ལྟར་སྲུང་སྐྱོང་བྱེད་རྒྱུ་སོགས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཐུགས་འཁུར་བྱེད་བཞིན་པའི་གནད་དོན་སྐོར་ལ་འགྲེལ་བཤད་བྱས་པ་བརྒྱུད། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་དང་གནས་སྐོར་བས་རང་ཉིད་ཀྱི་ཁེ་དབང་དང་འོས་འགན་ངོས་འཛིན་བྱས་ཏེ་སྤྱོད་ཚུལ་ཡག་ལ་བདེ་འཇགས་ངང་གནས་སྐོར་བྱེད་པར་དར་སྤེལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག