མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱིས་ཕྱི་རྒྱལ་གྱི་སློབ་མ་ལྔ་བརྒྱ་ལྷག་ལ་བོད་ཀྱི་རིག་གནས་ཁྲིད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-16 15:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས11ཉིན། བོད་ལྗོངས་སློབ་ཆེན་གྱིས2013ལོའི་ཕྱི་རྒྱལ་གྱི་སློབ་མའི་སློབ་ཚུགས་མཛད་སྒོ་བསྡུས་ནས། ཨ་རི་དང་འཇར་པན། དབྱིན་ཇི་སོགས་རྒྱལ་ཁབ་ཉེར་བཞི་ནས་ཡོང་བའི་སློབ་མ་རྣམས་བསུས་ཤིང་། སློབ་མ་འདི་དག་གིས་ལོ་གཉིས་ཀྱི་རིང་ལ་བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་སྐད་བརྡ་དང་རིག་གནས་ལ་སློབ་སྦྱོང་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སློབ་ཆེན་གྱིས1993ལོར་ཕྱི་རྒྱལ་སློབ་མའི་སློབ་གླིང་བཙུགས་པ་ནས་བཟུང་། བོད་ཀྱི་སྐད་བརྡའི་ཐད་ཀྱི་སློབ་ཁྲིད་བྱས་པ་དང་ཆབས་ཅིག བོད་ཀྱི་རོལ་དབྱངས་དང་། མཛེས་རིས། ཡིག་གཟུགས་སོགས་ཀྱི་རིག་གནས་བསླབ་ཚན་བསྒྲིགས། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཡོང་བའི་སློབ་མ་རྣམས་ཀྱིས་རིག་གནས་མཛེས་ལྗོངས་ལ་ལྟ་སྐོར་དང་འཆད་ཁྲིད། ཐང་གའི་འབྲི་བཞེངས་སོགས་ལག་ལེན་བསླབ་ཚན་བརྒྱུད་ནས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་ཐུབ་ཅིང་། 1993ལོ་ནས་བཟུང་ད་ལྟའི་བར་ཡོ་རོབ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན། ཨེ་ཤ་ཡ་གླིང་ཆེན། ཨ་ཧྥེ་རི་ཁ་གླིང་ཆེན་སོགས་ཀྱི་སློབ་མ་ལྔ་བརྒྱ་ལྷག་བོད་ལྗོངས་སློབ་ཆེན་དུ་ཡོང་ནས་སློབ་སྦྱོང་བྱས་ལ། ཁོང་ཚོས་བོད་ཀྱི་རིག་གནས་ཁྱབ་བརྡལ་དུ་གཏོང་བར་ནུས་པ་གལ་ཆེན་བཏོན། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག