མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་དེ་རྒྱལ་ཁབ་ཀྱི་འཆར་འགོད་དུ་ཚུད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-10-14 09:36

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་སྒྲིག་བཟོ་བྱས་པའི་༼མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ས་ཁུལ་གྱི་ཡུལ་སྐོར་གོང་སྤེལ་བྱ་བའི་སྤྱིའི་འཆར་འགོད༽གཞིར་བཟུང་སྟེ། 2020ལོའི་བར་དུ ། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་དང་། འཛམ་གླིང་ཡང་རྩེ། མཐོ་སྒང་གི་གྲོང་ཁྱེར་གྲགས་ཅན། གངས་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས། མཁའ་ལམ་སྟེང་གི་མགྱོགས་འགྲོ་མེ་འཁོར་བཅས་ཚུད་པའི་མཐོ་སྒང་བརྗོད་གཞི་བྱས་པའི་ཡུལ་སྐོར་ཆེན་པོ་ལྔ་ཇུས་འགོད་འཛུགས་སྐྲུན་བྱེད་རྒྱུ་རེད།

ཡུལ་སྐོར་སྡེ་ཚན་གྱིས་འཆར་འགོད་གཞིར་བཟུང་ནས་མཚོ་སྔོན་པོ་དང་། སྐུ་འབུམ། ཁུ་ནུ་རི་བོ། ཨ་ཆེན་གངས་རྒྱབ། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས། གདང་ལ། བྱང་ཐང་རྩྭ་ཐང་གི་ངོ་མཚར་བའི་བོད་ཁྱིམ། གནམ་མཚོ། ཕོ་བྲང་པོ་ཏ་ལ། ལྷ་ལྡན་གཙུག་ལག་ཁང་བཅས་ཡུལ་སྐོར་ཁུལ་ཆེན10གཙོར་བཟུང་ནས་བཟོ་བསྐྲུན་བྱ་རྒྱུ་རེད། གཞན་འཆར་འགོད་འཛུགས་སྐྲུན་བྱ་བའི་ཁྱད་ལྡན་ལས་གཞི་ཆེན་པོ6ནི། ལྷ་སའི་རྟེན་རྫས་བཤམས་མཛོད་ཁང་དང་། དམངས་སྲོལ་རིག་གནས་གྲོང་ཚོ། རང་བྱུང་སྐྱེད་མོས་ཚལ། དུས་ཆེན་གྱི་བྱེད་སྒོ། མྱུལ་ཞིབ་ཡུལ་སྐོར་རྟེན་གཞི། མཛེས་ལྗོངས་གཟིགས་སྟེགས་ཀྱི་རླངས་འཁོར་ས་ཚིགས་བཅས་ཡིན།

རྒྱུས་ལོན་པ་ལྟར་ན། འཆར་འགོད་དེས་ད་དུང་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་རིགས་བཞི་བཟོ་བསྐྲུན་བྱེད་རྩིས་ཡོད་དེ། གཅིག་ནི་མཚོ་བོད་ཕྱོགས་བསྡུས་འགྲིམ་འགྲུལ་ཡུལ་སྐོར་གྱི་ཡུལ་སྐོར་ལམ་ཐིག་ཡིན་ལ། དེར་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་དང་། རླངས་འཁོར་ལྗོངས་གཟིགས་ཡུལ་སྐོར་གྱི་ལམ་ཐིག་བཅས་ཚུད། གཉིས་ནི་མཚོ་བོད་ལྟེ་གནས་ཡུལ་སྐོར། དེའི་ནང་ཟི་ལིང་གི་ཡུལ་སྐོར་དང་། ན་གོར་མོའི་ཡུལ་སྐོར། ལྷ་སའི་ཡུལ་སྐོར་སོགས་ཚུད། གསུམ་ནི་གྲོང་ཁྱེར་ཡུལ་སྐོར་བསྐོར་ལམ། བཞི་ནི་ཕྱི་ཕྱོགས་སུ་འཕྲོས་པའི་ཡུལ་སྐོར་ལམ་བུ་བཅས་སོ།།

ཡོ་རོབ་དང་ཨེ་ཤ་ཡའི་སྐམ་སའི་སྙིང་དུ་ལྟ་བའི་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། མཚོ་བོད་ལྕགས་ལམ་རྒྱུད་དུ་ཡུལ་སྐོར་ཐོན་ཁུངས་དང་མི་རིགས་རིག་གནས་ཕུན་སུམ་ཚོགས་པོ་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ཚུན། ལམ་རྒྱུད་ཀྱི་ཡུལ་སྐོར་སྒྲིག་ཆས་དང་ཞབས་ཞུ་རྒྱུན་མ་ཆད་པར་ཇེ་ལེགས་སུ་ཕྱིན། མིག་སྔར་མཚོ་བོད་ལྕགས་ལམ་གྱི་ཡུལ་སྐོར་ལམ་ཐིག་དེ་ནི་ཀྲུང་གོའི་མཆོག་ཏུ་གྱུར་བའི་ཡུལ་སྐོར་ལམ་ཐིག་སྐོར12པར་གྱུར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག