མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བོད་རྒྱའི་མི་རིགས་མཐུན་སྒྲིན་མཚོན་པའི་ལོ་རྒྱུས་རྗེས་ཤུལ་ཁག་ཅིག་སྲུང་སྐྱོབ་དང་འདོན་སྤེལ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-10-14 09:36

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “བཅུ་གཅིག”གུང་གསེང་གི་སྐབས་སུ། ལྷ་སའི་བར་སྐོར་དུ་ཆགས་པའི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བོན་ཡ་མོན་གྱི་འགྲེམས་སྟོན་ཁང་དུ་ཉིན་རེར་ལྟད་མོ་བ་རྒྱུན་མི་ཆད་ལ། ཉིན་རེར་སྣེ་ལེན་མི་གྲངས3000ལ་སླེབས། དེང་སྐབས་ལོ་འགར་ལྷིང་འཇགས་སུ་གནས་པའི་ར་སྐོར་འདི་ནི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད།

ལོ་འདི་འགའི་རིང་། བོད་ལྗོངས་ཀྱིས་གཏིང་ཟབ་པའི་སྒོ་ནས་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་གི་རྗེས་ཤུལ་དང་། བོད་སྡོན་ཨམ་བོན་ཡ་མོན། ཀོན་ཏེ་ལྷ་ཁང་སོགས་རྒྱ་བོད་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་ལོ་རྒྱུས་མཚོན་པའི་རྗེས་ཤུལ་སྲུང་སྐྱོབ་དང་ཐོན་སྤེལ་བྱས་ནས། ཡུལ་སྐོར་པ་སྣེ་ལེན་བྱེད་ཀྱིན་ཡོད།

ལྷ་སའི་མཁར་རྙིང་ས་ཁུལ་གྱི་གནའ་བོའི་འཛུགས་བསྐྲུན56གི་ཉམས་གསོའི་ལས་གཞི་གཙོ་བོ་གྲས་ཀྱི་གཅིག་ཏེ། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བོན་ཡ་མོན་གྱི་མཁར་ཤུལ་ཉམས་གསོའི་ལས་གཞི་དེ་ད་ལོའི་ལོ་འགོར་དངོས་སུ་ལས་འགོ་བརྩམས་ཤིང་། ཟླ7པའི་ཚེས1ཉིན་ནས་བཟུང་སྤྱི་ཚོགས་ཡོངས་སུ་རིན་མེད་ལྟད་མོ་བྱེད་དུ་བཅུག་པ་རེད། ལས་གཞིས་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བོན་ཡ་མོན་ཐོག་མར་ཉམས་གསོ་བསྐྱར་བཞེངས་བྱས་པ་དང་། དེས་ལོ་རྒྱུས་རྗེས་ཤུལ་གཙོ་བོ་འདི་“ལ་ཡང་བསྐྱར་གསོན་ཉམས་རྒྱས་”སུ་བཅུག།

བོད་སྡོད་ཨམ་བོན་གྱི་ལམ་ལུགས་ནི་ཆིང་སྲིད་གཞུང་གི་བོད་ཀྱི་དོ་དམ་ལམ་ལུགས་བྱེད་ཐབས་གཙོ་བོ་རེད། གོང་མ་ཡུང་ཀྲེང་ལོ་ལྔ(1727ལོར)བོད་སྡོད་ཨམ་བོན་ལམ་ལུགས་དངོས་སུ་བཙུགས་པ་ནས1912ལོར་བོད་སྡོད་ཨམ་བོན་ལམ་ལུགས་མཇུག་བསྡུ་བའི་བར་གྱི་ལོ་ངོ185རིང་། བོད་སྡོད་ཨམ་བོན་༡༣༨གྱིས་སྔ་རྗེས་སུ་ལས་འགན་འཁུར་ནས། བོད་ཀྱི་དོ་དམ་སྒྲིག་སྲོལ་མང་པོ་སྔ་གཞུག་ཏུ་གཏན་ལ་ཕབ་ཅིང་། ལས་ཁུངས་སྒྲིག་གཞི་རིམ་བཞིན་འཐུས་ཚང་དུ་བཏང་བས། བོད་སྡོད་ཨམ་བོན་གྱི་འགན་ནུས་དང་དབང་ཆའི་ཁྱབ་ཁོངས་རིམ་བཞིན་ཇེ་ཆེར་སོང་ནས་སྟོབས་ཤུགས་ཆེ་རུ་ཕྱིན་པ་རེད།

ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བོན་གྱི་ཡ་མོན་ཤུལ་ནི་བོད་ལྗོངས་ཀྱིས་ལོ་འདི་འགར་བོད་རྒྱའི་མི་རིགས་མཐུན་སྒྲིལ་མཚོན་པའི་ལོ་རྒྱུས་རྗེས་ཤུལ་སྲུང་སྐྱོབ་དང་ཐོན་སྤེལ་བྱེད་པའི་གྲས་ཀྱི་གཅིག་རེད། 2012ལོའིཟླ9བར། ལྷ་སའི“མི་རིགས་མཐུན་སྒྲིལ་ཟླ་བའི་”བྱ་འགུལ་རིང་དུ། ལྷ་སའི་ཀོན་ཏེ་གེ་སེར་ལྷ་ཁང(བསྡུས་མིང་ཀོན་ཏེ་ལྷ་ཁང)ཉམས་གསོའི་ལས་གཞི་ཡོངས་སུ་མཇུག་རྫོགས་ནས་དེར་མཆོད་མཇལ་དུ་འོངས་པའི་མི་ཚོགས་རྒྱུན་མི་ཆད།

བོད་ཤར་རྒྱུད་ཀྱི“ཇ་རྟའི་གནའ་ལམ”གྱི་ས་ཚུགས་གཙོ་བོའི་ཚྭ་ཁྲོན། ཉེ་བའི་ལོ་འདི་གཉིས་རིང་། སྨར་ཁམས་རྗོང་གིས་ལོ་རྒྱུས་རྒྱུ་ཆ་དང་རིག་དངོས། ཅ་ལག་མང་པོ་འཚོལ་སྡུད་བྱས་ནས། ཀྲུང་གོའི“ཇ་རྟའི་གནའ་ལམ”གྱི་རིག་གནས་མིང་རྟགས་ཀྱི་ལོ་རྒྱུས་རིག་གནས་རྟེན་མཛོད་ཁང་ཐོག་མ་བཙུགས། གཞན་བོད་ལྗོངས་ནུབ་རྒྱུད་ཀྱི་མཐའ་མཚམས་རྫོང་སྐྱིད་གྲོང་དུ་ཡུལ་སྐོར་སྡེ་ཁག་གིས་གནས་དེའི་འགོག་རྒོལ་འཛིང་རགས་སོགས་གོང་མ་ཆིང་ལུང་སྐབས་ཀྱི་ཆིང་དམག་གིས་གོར་ཁའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རྗེས་ཤུལ་དང་། ཆིང་དམག་གི་དུར་ས། ཧྥུ་ཁང་ཨན་དམག་སྤྱིས་གོར་ཁའི་མི་ཆེན་མཐར་སྤྲད་ནས་རྒྱལ་ཁ་ལོན་པར་རྗེས་དྲན་དུ་ཆེད་དུ་ཕྱག་བྲིས་གནང་བའི་ཡི་གེ་སོགས་གནའ་ཤུལ་ཆ་ཚང་ཇུས་འགོད་བྱས་ནས་ཐོན་སྤེལ་བྱེད་འགོ་བརྩམས།

རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉེན་སྒྲིག་ཉེ་ཚན་དུ་གྱུར་པ་ནི་བོད་རྒྱའི་མི་རིགས་མཐུན་སྒྲིལ་གྱི་རྟགས་མཚན་རེད། རྒྱ་བཟའ་ཀོང་ཇོས་ལྷོ་ཁ་ནས་འཚོ་བ་རོལ་པའི་ལོ་ངོ༣༠རིང་། ཡུམ་བུ་བླ་སྒང་དབྱར་གནས་དང་ཁྲ་འབྲུག་དགོན་དགུན་གནས་བྱས། རྒྱ་བཟའ་ཀོང་ཇོའི་སྐོར་གྱི་གཏམ་རྒྱུད་སྣ་ཚོགས་གནས་འདིར་དར་ཁྱབ་བྱུང་ཡོད། ལྷོ་ཁ་ས་ཁུལ་གྱིས་ཁྲ་འབྲུག་དགོན་གྱི་འཛུགས་བསྐྲུན་དང་ལྡེབས་རིས་བཅས་ལ་ཉམས་གསོ་རྒྱ་ཆེར་བྱས་རྗེས། མིག་སྔར་རྒྱལ་བཟའ་ཀོང་ཇོའི་རིག་གནས་ཐང་ཆེན་འཆར་འགོད་བྱེད་ཀྱིན་ཡོད།

བོད་ལྗོངས་ཀྱིས་བོད་རྒྱ་མི་རིགས་མཐུན་སྒྲིལ་མཚོན་པའི་ལོ་རྒྱུས་རྗེས་ཤུལ་ཐོན་སྤེལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་མི་རིགས་སོ་སོས་ལོ་རྒྱུས་ལ་རྒྱུས་ལོན་དང་རྒྱལ་གཅེས་འདུ་ཤེས་ཤུགས་སྣོན་བྱེད་སའི་རྟེན་གཞི་གཙོ་བོར་གྱུར་ཡོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག