མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་རིག་གནས་ཅུའུ་ཡིས་བྱང་ཐང་དཔེ་རྙིང་ལ་ཡོངས་ཁྱབ་ནས་ཞིབ་བཤེར་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-12 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུའུ་ཡིས་ས་ཁུལ་དེའི་ཁྱབ་ཁོངས་ནང་གི་སྔར་ཡོད་ཀྱི་དཔེ་རྙིང་ཉར་ཚགས་ཀྱི་གྲངས་ཚད་དང་ཉར་ཚགས་ཀྱི་གནས་ཚུལ། ཁྱབ་ཚུལ། སྲུང་སྐྱོབ་ཀྱི་གནས་ཚུལ་བཅས་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་ནན་ཏན་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ན་ནིང་ནག་ཆུ་ས་ཁུལ་རིག་གནས་ཅུའི་དཔེ་རྙིང་གཞུང་སྒྲུབ་ཁང་གིས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལས་དོན་ཚོགས་ཆུང་གི་ཆེད་མཁས་པ་གཉིས་གདན་དྲངས་ཏེ་ནག་ཆུ་ས་ཁུལ་གྱི་རྫོང11གི་དགོན་པ་དང་ལྷ་ཁང86ཏུ་སོང་ནས་དཔེ་རྙིང་དུམ་པ1262ལ་ཞིབ་བཤེར་བྱས་ཤིང་། དམངས་ཁྲོད་ཀྱི་ཉེར་ཚགས་སྡེ་ཁག་དང་མི་སྒེར་ནས་དཔེ་རྙིང་དུམ་པ302ལ་ཞིབ་བཤེར་བྱས། ད་ལོའི་སྤྱི་ཟླ6པའི་ཟླ་མཇུག་བར་དུ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ནག་ཆུ་ས་ཁུལ་གྱི་དཔེ་རྙིང1564ཡི་ཡི་གེ་དང་རི་མོ། གྲངས་གཞི་སོགས་ལེགས་སྒྲིག་བྱེད་པའི་ལས་དོན་ཐད་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད། ཕབ་ལེན་སོགས་བྱས། དེའི་ཁྲོད་ནག་ཆུ་རྫོང་དུ་དཔེ་རྙིང་དུམ་པ97ཡོད་པ་དང་། ཨ་མདོ་རྫོང་དུ་དུམ་པ94ཡོད། སྙན་རོང་རྫོང་དུ་དུམ་པ130ཡོད། ལྷ་རི་རྫོང་དུ་དུམ་པ37ཡོད། དཔལ་མགོན་རྫོང་དུ་དུམ་པ33ཡོད། ཤན་རྩ་རྫོང་དུ་དུམ་པ314ཡོད། ཉི་མ་རྫོང་དུ་དུམ་པ69ཡོད་པ་དང་། མཚེའུ་གཉིས་རྫོང་དུ་དུམ་པ9བཅས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག