མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོར་བོད་ལྗོངས་ཀྱི་སྟོན་ཁའི་ལོ་ཏོག་བསྡུ་ཚད་མུའུ་ཁྲི356.8ལ་སླེབས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-10-12 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཉིན་འདི་དག་ལ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་མང་ཚོགས་རྩ་འཛུགས་བྱས་ཏེ། མི་ཤུགས་དང་ཞིང་ལས་འཕྲུལ་ཆས་གཅིག་དུ་བསྡུས་ཏེ་འབྲས་བུ་སྨིན་པའི་ལོ་ཏོག་བསྡུས་པས་ད་ལོའི་སྟོན་ཁའི་ལོ་ཏོག་བསྡུ་བའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས།

ད་ལོའི་སྟོན་ཁའི་ལོ་ཏོག་བསྡུ་བའི་བྱ་བའི་ཁྲོད། བོད་ལྗོངས་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་ལོ་ཏོག་བསྡུ་ཚད་མུའུ་ཁྲི170ལ་སླེབས་ཤིང་། ལོ་སྔོན་མ་ལས་མུའུ་ཁྲི1ཇེ་མང་དུ་སོང་ཡོད་དེ། འཕྲུལ་ཆས་ཀྱིས་ལོ་ཏོག་བསྡུ་ཚད45.7%ཟིན། དེ་དང་ཆབས་ཅིག་ས་གནས་སོ་སོས་ཞིང་ལས་འཕྲུལ་ཆས་ཆེད་གཉེར་མཉམ་ལས་རྩ་འཛུགས་བེད་སྤྱད་དེ་ལོ་ཏོག་བསྡུ་བར་འབད་བརྩོན་བྱེད་བཞིན་ཡོད།

ད་ལོར་བོད་ལྗོངས་སུ་བསྡོམས་པས་མཉམ་ལས་རྩ་འཛུགས50སྟོན་ཁའི་ལོ་ཏོག་བསྡུ་བའི་བྱ་བའི་ཁྲོད་ཞུགས་ཡོད་དེ། སྔོན་རྩིས་ལྟར་ན་རྩ་འཛུགས་རང་བཞིན་གྱི་ཞབས་ཞུ་གཞི་ཁྱོན་མུའུ་ཁྲི41ལ་སླེབས་པ་དང་། ལོ་སྔོན་མ་ལས་མུའུ་ཁྲི8ཇེ་མང་དུ་སོང་ཡོད་པས། འཕྲུལ་ཆས་ཀྱི་ལོ་ཏོག་བསྡུ་བའི་གཞི་ཁྱོན་གྱི24.1%ཟིན། འཕྲུལ་ཆས་ཀྱིས་ལོ་ཏོག་བསྡུ་བར་མགྱོགས་མྱུར་ཡིན་ལ། སྤུས་ཚད་མཐོ་བ། གྱོང་གུད་ཆུང་ལ། ཕན་འབྲས་བཟང་བའི་རྐྱེན་གྱིས་འཕྲུལ་ཆས་ཅན་གྱིས་ཆེད་གཉེར་མཉམ་ལས་རྩ་འཛུགས་ལ་བོད་ལྗོངས་ཀྱི་ས་གནས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

སྤྱི་ཟླ10བའི་ཚེས10ཉིན་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་སྟོན་ཁའི་ལོ་ཏོག་མུའུ་ཁྲི356.8བསྡུས། དེའི་ཁྲོད། ལྷ་ས་གྲོང་ཁྱེར་གྱིས་ལོ་ཏོག་བསྡུ་པའི་གཞི་ཁྱོན་མུའུ་ཁྲི55.31ལ་སླེབས་པ་དང་། ཆབ་མདོ་ས་ཁུལ་གྱིས་ལོ་ཏོག་མུའུ་ཁྲི74.76བསྡུས། ལྷོ་ཁ་ས་ཁུལ་གྱི་ལོ་ཏོག་མུའུ་ཁྲི46.34བསྡུས། མངའ་རིས་ས་ཁུལ་གྱིས་ལོ་ཏོག་མུའུ་ཁྲི12.87བསྡུས། ཉིང་ཁྲི་ས་ཁུལ་གྱི་ལོ་ཏོག་མུའུ་ཁྲི30.77བསྡུས། གཞིས་ཀ་རྩིས་ས་ཁུལ་གྱིས་ལོ་ཏོག་མུའུ་ཁྲི129.21བསྡུས་པ་དང་། ནག་ཆུ་ས་ཁུལ་གྱིས་ལོ་ཏོག་མུའུ་ཁྲི7.54བསྡུས་པས། བོད་ལྗོངས་ཀྱིས་སྟོན་ཁའི་ལོ་ཏོག་བསྡུ་བའི་བྱ་བ་བདེ་བླག་ངང་ཡོངས་སུ་ལེགས་འགྲུབ་བྱུང་ལ། འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་ལོ་ལེགས་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག