མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མལ་གྲོ་གུང་དཀར་རྫོང་གིས་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མའི་ཁྱིམ་ཚང་ལ་བོད་སྐྱོར་སློབ་ཞུགས་རོགས་དངུལ་རྩིས་སྤྲོད་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-11 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏང་ཟབ་ཏུ་སྤེལ་ཆེད། ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མའི་ཁྱིམ་ཚང་ལ་བོད་སྐྱོར་སློབ་ཞུགས་རོགས་དངུལ་རྩིས་སྤྲོད་བྱས་ཏེ། དབུལ་ཕོངས་སློབ་ཆེན་སློབ་མར་ཏང་དང་སྲིད་གཞུང་གི་དྲོད་འཁོལ་སྐྱེལ་བ་རེད།

ཉེ་ཆར་མལ་གྲོ་གུང་དཀར་རྫོང་གི་ནན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་སྐོར་བདུན་པ་སྔ་གཞུག་ཏུ་གུང་དཀར་གྲོང་རྡལ་གྱི་རྒྱལ་བཟང་གྲོང་ཚོ་དང་། དག་པ་གྲོང་ཚོ། གུང་དཀར་གྲོང་ཚོ་བཅས་ཀྱི་དབུལ་ཕོངས་སློབ་ཆེན་སློབ་མ7གྱི་ཁྱིམ་ཚང་དུ་སོང་ནས་སློབ་མ་རེར་སྒོར4000ཡི་བོད་སྐྱོར་སློབ་ཞུགས་རོགས་དངུལ་རྩིས་སྤྲོད་བྱས་ཤིང་། བསྡོམས་པས་སྒོར28000རྩིས་སྤྲོད་བྱས། དེ་མིན་ཁོ་ཚོའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དང་སློབ་མའི་སློབ་སྦྱོང་འབྲས་བུ་བཅས་ལ་རྒྱུས་ལོན་བྱས་ཏེ། ཁྱིམ་བདག་གིས་ཧུར་ཐག་ངང་མུ་མཐུད་དུ་བྱིས་པར་རིག་གནས་སློབ་ཏུ་འཇུག་དགོས་པར་སྐུལ་འདེབས་བྱས་པ་དང་། བྱིས་པས་རིག་གནས་དང་ལག་རྩལ་སྦྱང་ནས་མཐར་ཕྱིན་རྗེས་ཁྱིམ་མི་ལ་བདེ་སྐྱིད་འཚོ་བ་རོལ་དུ་འཇུག་པའི་ཡིད་ཆེས་སྩལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག