འདི་ནི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་ནས་གྲལ་སྒྲིག་ཏེ་ལྷ་ལྡན་གཙུག་ལག་ཁང་གི་སྒོ་འཛིན་ཉོ་བཞིན་པའི་ཚུལ་རེད།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་གི་གནས་སྐོར་བྱེད་ཡུལ་འཛུགས་སྐྲུན་བྱེད་པ་དང་། བོད་ལྗོངས་གནས་སྐོར་གྱི་རྣམ་པ་ཡག་པོ་མཚོན་ཆེད། བོད་ལྗོངས་ཀྱི་གནས་སྐོར་ཞབས་ཞུ་ལས་རིགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་སྤུས་ཚད་དང་། ཁྱོན་ཡོངས་ཀྱི་རྣམ་པ། ཞབས་ཞུ་ཆུ་ཚད་བཅས་ཇེ་མཐོར་བཏང་སྟེ། དྲང་བདེན་གྱི་སྒོ་ནས་གོ་རིམ་ལྡན་པ་དང་སྤྲོ་སེམས་འཁོལ་བའི་ངང་མགྲོན་པོར་སྣེ་ལེན་བྱེད་པའི་གནས་སྐོར་ཁོར་ཡུག་ཡག་པོ་བསྐྲུན་པ་རེད། །