མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་སྟོན་དུས་ཆེན་རིང་ལྷ་སའི་མེ་འཁོར་ས་ཚིགས་ཀྱིས་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2.5ལ་སླེབས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-10-10 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་སའི་མེ་འཁོར་ས་ཚིགས་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྟོན་དུས་ཆེན་རིང་ལྷ་སའི་མེ་འཁོར་ས་ཚིགས་ཀྱིས་བསྡོམས་པས་གནས་སྐོར་བ25517སྐྱེལ་འདྲེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས་མི2265ཇེ་མང་དུ་སོང་ཡོད་པ་རེད། དེའི་ཁྲོད་སྤྱི་ཟླ10བའི་ཚེས6ཉིན་ནི་མི་ཐེངས་སྐྱེལ་འདྲེན་བྱེད་ཚད་ཆེས་མང་བའི་ཉིན་མོ་ཡིན་ལ་མི4329ལ་སླེབས།

ལྷ་སའི་མེ་འཁོར་ས་ཚིགས་ཀྱི་མགོ་གཙོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། “སྤྱི་ཟླ10བའི་ཚེས10ཉིན་གྱི་རྗེས་སུ་བོད་ལྗོངས་སུ་ལྟ་སྐོར་དུ་ཡོང་བའི་མི་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། མིག་སྔར་ཉིན་རེར་མི་ཐེངས300ཡས་མས་སྐྱེལ་འདྲེན་བྱེད་བཞིན་ཡོད་ལ། མི་མང་ཆེ་ཤས་ནི་ཕྱིར་ལོག་པའི་གནས་སྐོར་བ་ཡིན་པས། ཚེས10ཉིན་གྱི་རྗེས་སུ་ཉིན་རེར་མི་ཐེངས་སྐྱེལ་འདྲེན་བྱེད་ཚད་མི3000ཡས་མས་བར་ཇེ་ཉུང་འགྲོ་ངེས་ཡིན”ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག