མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟོད་ལུང་བདེ་ཆེན་རྫོང་གིས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-10 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གིས་གནས་སྐོར་ལས་རིགས་ལ་མཐོང་ཆེན་གནང་སྟེ་རྫོང་ཡོངས་ཀྱི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

 སྟོད་ལུང་བདེ་ཆེན་རྫོང་གི་གནས་སྐོར་ལས་རིགས་བདེ་བླག་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་ཁག་ཐེག་བྱེད་ཆེད། རྫོང་འདིས་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྔོན་དུ་ཟ་ཁང་དང་ཆང་ཁང་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཕན་ནུས་ལྡན་པའི་ངང་ནས་གནས་སྐོར་གྱི་ཁེ་ལས་དང་ཚོང་རའི་ཁོར་ཡུག་ཚད་ལྡན་དུ་བཏང་བ་མ་ཟད། གནས་སྐོར་ཁེ་ལས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་སྟེ། གནས་སྐོར་ལས་རིགས་བདེ་བླག་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

སྟོད་ལུང་བདེ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་གནས་སྐོར་འཆར་གཞི་བཟོ་འགོད་དང་། བརྒྱུད་རིམ་ཚོད་འཛིན། གནས་སྐོར་བསྡོམས་རྩིས་བཅས་ཀྱིས་བྱ་བ་ལེགས་པར་བསྒྲུབ་པར་འབད་བརྩོན་བྱས་ཏེ། མིག་སྔར་རྫོང་དེའི་གནས་སྐོར་བསྡོམས་རྩིས་ཁྲོད་བཞག་མེད་པའི་ཁེ་ལས་དག་གནས་སྐོར་བསྡོམས་རྩིས་ཀྱི་མངའ་ཁོངས་སུ་བཅུག་པ་དང་། དུས་ཐོག་ཏུ་གནས་སྐོར་གཞི་གྲངས་ཡར་ཞུ་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག