མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་སུ་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་མ་དངུལ་གྱི་རྩིས་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-09 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་མ་དངུལ་གྱི་རྩིས་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ནག་ཆུ་ས་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རོགས་སྐྱོར་གཟེངས་བསྟོད་ལམ་ལུགས་མ་དངུལ་ཐད་ཀར་དུ་ཁྱིམ་ཚང་ལ་ཁ་གསབ་བྱེད་པའི་བྱ་བའི་རྩ་དོན་ལྟར། 2012ལོའི་རྩྭ་ཐང་ཁ་གསབ་རོགས་སྐྱོར་སྒོར་མོ་ཕན་ནུས་ལྡན་པའི་ངང་ཁྱིམ་ཚང་དུ་དངོས་འབེབས་བྱེད་པ་དང་། མང་ཚོགས་ཀྱི་ཕན་ཁེ་ལ་འགན་སྲུང་བྱེད་པ་བཅས་ཁག་ཐེག་བྱེད་ཆེད། རྩྭ་ཐང་ཁ་གསབ་རོགས་སྐྱོར་སྒོར་མོ་རྩིས་སྤྲོད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་ལྟར། ནག་ཆུ་ས་ཁུལ་གྱི་རྫོང་སོ་སོའི་ཞིང་ལས་དངུལ་ཁང་གི་ལས་གཉེར་ཚོམས་དང་མཉམ་དུ2012ལོའི་རྩྭ་ཐང་ཁ་གསབ་རོགས་སྐྱོར་གཟེངས་བསྟོད་མ་དངུལ་དང་ཕྱུགས་འགོག་ཁ་གསབ་མ་དངུལ་སྟེར་བའི་བྱ་བ་ལེགས་འགྲུབ་བྱུང་བའི་རྨང་གཞི་སྟེང་། ཞིང་སྡེ་སོ་སོ་རུ་སོང་སྟེ་ཡུལ་དངོས་ནས་དངུལ་བྱང་ཐམས་ཐད་རྩིས་སྤྲོད་བྱས་པ་རེད།

མིག་སྔའི་བར་དུ། ནག་ཆུ་ས་ཁུལ་གྱིས་དོན་དངོས་སུ་རྩྭ་ཐང་སྐྱེ་ཁམས་མ་དངུལ་སྒོར་ཁྲི31805.65རྩིས་སྤྲོད་བྱས་ཤིང་། དཔལ་མགོན་རྫོང་དང་། འབྲི་རུ་རྫོང་། སོག་རྫོང་བཅས་ཀྱིས་མ་དངུལ་ཡོད་ཚད་ཁྱིམ་ཚང་དུ་སྤྲད་པ་དང་། རྫོང་གཞན་དག་གིས་ད་ལྟ་རིམ་བཞིན་རྩིས་སྤྲོད་བྱེད་བཞིན་སྒང་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག