མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་དམིགས་འགུག་དམིགས་འཇོག་བྱ་བ་རིམ་བཞིན་ཚད་ལྡན་དུ་གྱུར་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-09 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་ལྟ་སྐུལ་ནན་མོ་བྱས་པ་དང་དོ་དམ་ལ་ཤུགས་སྣོན་རྒྱབ་ཏེ་དམིགས་འགུག་དམིགས་འཇོག་བྱ་བ་རིམ་བཞིན་ཚད་ལྡན་དུ་གྱུར་ལ། མིག་སྔའི་བར་དུ་ས་ཁུལ་ཡོངས་ཀྱིས་དམིགས་འགུག་དམིགས་འཇོག་རྣམ་གྲངས47ལེགས་འགྲུབ་བྱུང་བ་དང་། དམིགས་འཁེལ་དངུལ་གྲངས་སྒོར་ཁྲི42975.788ལ་སླེབས་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མངའ་རིས་ས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་འགུག་ལམ་ལུགས་དང་བརྒྱུད་རིམ་མུ་མཐུད་དུ་འཐུས་ཚང་དུ་གྱུར་བ་དང་། དམིགས་འགུག་དམིགས་འཇོག་བྱེད་སྒོ་རིམ་བཞིན་ཚད་ལྡན་དུ་གྱུར་བ་དང་བསྟུན་ནས། གན་རྒྱ་ལག་བསྟར་བྱེད་ཚད་གོང་འཕེལ་བྱུང་བ་དང་། འཛུགས་སྐྲུན་དུས་ཡུན་ཇེ་ཐུང་དུ་བཏང་ཡོད་པས། དངུལ་གཏོང་ཕན་འབྲས་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ས་ཁུལ་གྱི་དམིགས་འགུག་དམིགས་འཇོག་བྱ་བ་སྤེལ་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་བ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག