མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རོང་འབྲོག་པའི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱབ་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-10-09 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རོག་འབྲོག་པས་ཁ་གྲམ་ནས་ཚོང་ལས་གཉེར་སྐྱོང་བྱེད་པ་དང་། དཔལ་འབྱོར་ཕན་འབྲས་ཆུང་བའི་གནད་དོན་ཐག་གཅོད་བྱེད་ཆེད། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་སྲིད་ཇུས་དང་། ནོར་སྲིད། ལག་རྩལ། དངུལ་བུན་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རོང་འབྲོག་པའི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱབ་ཏེ། རོག་འབྲོག་པ་རྣམས་ཐོན་ལས་རང་བཞིན་གྱི་ཚོང་གཉེར་ལམ་བུ་སྟེང་དུ་བསྐྱོད་པར་རོགས་རམ་བྱས། མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ8པའི་བར་དུ་ས་ཁུལ་ཡོངས་ཀྱིས་བསྡོམས་པས་རོང་འབྲོག་པའི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས137བཙུགས་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་ཁྱིམ་ཚང12239ཡོད་པ་དང་མི43854ལ་སླེབས་ཤིང་། སྤྱིའི་མ་དངུལ་སྒོར་ཁྲི7698.78ལ་སླེབས་པ་དང་མི་རེའི་ཆ་སྙོམས་སུ་ཡོང་སྒོ་སྒོར1500ཇེ་མང་དུ་སོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག