མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་གནས་སྐོར་བ་འགྲུལ་སྐྱེལ་བྱས་ཚད་མི་ཐེངས་ཁྲི200ལས་བརྒལ་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-08 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་བསྡོམས་པས་གནམ་གྲུའི་འཕུར་འབབ་གཏོང་ཐེངས18833བདེ་བླག་ངང་འགན་སྲུང་བྱས་པ་དང་། གནས་སྐོར་བ་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི2007522ལེགས་འགྲུབ་བྱུང་ལ། དངོས་ཟོག་འགྲུལ་སྐྱེལ་བྱེད་ཚད་ཏུན15566.4ལ་སླེབས་ཡོད་པས། ལོ་སྔོན་མའི་དུས་མཉམ་ལས་སོ་སོ་ནས33.7%དང་། 22.8%། 42%བཅས་འཕར་ཡོད་པ་རེད།

ད་ལོ་ནས་བཟུང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་བཞིན་པའི་གོ་སྐབས་དམ་འཛིན་བྱས་ཏེ། ནན་ཏན་སྒོས“དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ལྗོངས་ལ་ཞབས་ཞུ་སྒྲུབ་པའི”བྱ་བའི་དགོངས་དོན་ལག་བསྟར་བྱས་ནས་བདེ་འཇགས་ངང་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱས། དེ་མིན་རྨང་གཞིའི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་རྒྱབ་ཏེ་དམངས་སྤྱོད་མཁའ་འགྲུལ་ཀུང་ཟི་ལ་མཐུན་སྦྱོར་དང་སྐྱེལ་འདྲེན་བྱ་བར་ཤུགས་སྣོན་རྒྱབ་པས་གནས་སྐོར་བ་འགྲུལ་སྐྱེལ་བྱེད་ཚད་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས་ཤིང་། སྔོན་ལོ་དང་བསྡུར་ན། ཟླ་བ་གཉིས་ཀྱི་སྔོན་དུ་གནས་སྐོར་བ་ཁྲི200ལྷག་འགྲུལ་སྐྱེལ་བྱས་པ་ཡིན་པས། ལོ་ཧྲིལ་བོར་གནས་སྐོར་བ་འགྲུལ་སྐྱེལ་བྱས་ཚད་མི་ཐེངས་ཁྲི270ལ་སླེབས་པ་དང་འཕར་ཚད23%གྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག