མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ལྡན་གཙུག་ལག་ཁང་ནི་བོད་ལྗོངས་ཀྱི་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུ་ཁུལ་གཉིས་པར་གྱུར་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-10-08 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ལྗོངས་རྒྱུ་ཁུལ་རྒྱུ་སྤུས་རིམ་པ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་དང་གཏན་འབེབས་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལྷ་ལྡན་གཙུག་ལག་ཁང་ནི་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུའི་ཚད་གཞི་དང་མཐུན་པས་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུ་ས་ཁུལ་གྱི་ཆོག་མཆན་ཐོབ་པས། དེ་ནི་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏཱ་ལའི་རྗེས་ཀྱི་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུ་ས་ཁུལ་གཉིས་པར་གྱུར་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་ལྟར། དོན་དངོས་དང་བསྟུན་ནས་འཛམ་གླིང་གནས་སྐོར་བྱེད་ཡུལ་གྱི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་གནས་སྐོར་ལྗོངས་རྒྱུ་ཁུལ་རྒྱུ་སྤུས་རིམ་པ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་ལོ་གཅིག་ལྷག་གི་འབད་བརྩོན་བྱས་པ་བརྒྱུད། བདེ་བླག་ངང་ཆེད་མཁས་པའི་མཛེས་ལྗོངས་རིན་ཐང་གཏན་ཁེལ་དང་དང་ལྗོངས་རྒྱུ་ཁུལ་གྱི་ཞབས་ཞུ་སྒྲིག་ཆས། ཁོར་ཡུག་དཔྱད་བསྡུར་སོགས་ཡུལ་དངོས་ཀྱི་ཞིབ་བཤེར་རྟོག་ཞིབ་ལ་གཏན་འབེབས་བྱས།

རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ཡི་སྐོར་གཟིགས་པ་དང་ཅུའུ་ཀྲང་གཞོན་པ་འམ། བོད་ལྗོངས་ལྗོངས་རྒྱུ་ཁུལ་རྒྱུ་སྤུས་རིམ་པ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་ཝང་སུང་ཕིན་གྱིས་བཤད་རྒྱུར། ཕོ་བྲང་པོ་ཏཱ་ལ་དང་ལྷ་ལྡན་གཙུག་ལག་ཁང་གཉིས་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུ་ས་ཁུལ་དུ་སྙན་ཞུ་ཕུལ་ནས་རྒྱལ་ཁ་ཐོབ་པའི་རྨང་གཞི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་གནས་སྐོར་བྱེད་ཡུལ་ལྗོངས་རྒྱུ་ཁུལ་གཙོ་འདེགས་མ་ལག་འཛུགས་སྐྲུན་བྱ་བ་དངོས་སུ་སྤེལ་ཏེ། རང་ལྗོངས་ཀྱི་འཛམ་གླིང་རིམ་པའི་རང་བྱུང་ལྗོངས་རྒྱུ་ཁུལ་རྒྱལ་ཁབ5Aརིམ་པའི་ལྗོངས་རྒྱུ་ཁུལ་དུ་སྙན་ཞུ་འབུལ་བའི་བྱ་བ་གཙོ་བོར་བཟུང་ནས་སྐུལ་སྤེལ་བྱ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག