མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-10-07 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ7པ་ཤར་ཚུན་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་བ་རེད། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྤྱོད་ཚུལ་བཞིའི་ཐད་ནས། ལྗོངས་ཡོངས་ཀྱི་མེ་ཟོན་དཔུང་སྡེའི་རིམ་ཁག་ཏང་རྩ་འཛུགས་ལ་བླང་བྱ་ནན་པོ་བཏོན་པ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་གནས་ཚུལ་བཅས་ལ་གཞི་ཚུགས་ཏེ། ལྗོངས་ཡོངས་ཀྱི་མེ་ཟོན་དཔུང་སྡེའི་ཏང་ཡོན་གྱི་སྤྱོད་ཚུལ་ལ་ལེགས་བཅོས་ནུས་ལྡན་བྱེད་པ་དང་། ལྟ་བ་རྗེས་ལུས་དང་རྨང་གཞི་བརྟན་པོ་མེད་པའི་དཀའ་གནད་ཐག་གཅོད་བྱེད་པ། དཔུང་སྡེའི་ཞབས་ཞུ་འགན་ལེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལས་འགན་སྒྲུབ་པ་དང་། མེ་ཟོན་གྱི་བདེ་འཇགས་ཐད་གནས་པའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པ། རང་ངོས་ཀྱི་བདེ་འཇགས་དང་སྤྱོད་གཙང་རང་འདོམས་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་དུས་མཚུངས། སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བྱ་ཐབས་སྣ་ཚོགས་བཟུང་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་ཁག་གཏིང་ཟབ་སྤེལ་བ་དང་། སྔ་རྗེས་སུ་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ལྟེ་བའི་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་འཚོགས་པ་མ་ཟད། སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་ཐེངས་གསུམ་སྐོང་ཚོགས་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སྔོན་ཐོན་རིགས་གཞུང་དང་གལ་ཆེའི་རྒྱས་བཤད་ལ་གྲོས་བསྡུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་པུའི་མེ་ཟོན་ཅུས། ལྗོངས་སྤྱི་བདེ་ཐིང་གི་གལ་ཆེའི་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་བཅས་བྱས་ནས། དཔོན་དམག་ཚོས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློ་དང་ངོས་འཛིན་སྔར་བས་གཅིག་མཐུན་ཡོང་བ་བྱས་པ་དང་སྦྲགས། ལྗོངས་ཡོངས་ཀྱི་དཔོན་དམག་ཚོས་དཔེ་དེབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཏང་གི་སྤྱོད་ཚུལ་དག་ཐེར་བྱེད་པ་སོགས་ཀྱི་རིགས་གཞུང་དཔེ་དེབ་སློབ་སྦྱོང་བྱེད་དགོས་པ། སྔོན་བསྐྱོད་བརྒྱ་ཤོག་དང་ཁུང་ཧྥན་སིན། ཞིང་བྲན་སོགས་གློག་བརྙན་བལྟ་དགོས་པ། དཔོན་དམག་སྒྲིག་འཛུགས་ཀྱིས་ལས་ཀའི་དོན་དངོས་གཞིར་བཟུང་སློབ་སྦྱོང་གི་མྱོང་ཚོར་འབྲི་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་རྒྱུའི་བྱ་ཐབས་དང་བསམ་འཆར་བཏོན་ནས། དཔོན་དམག་གིས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་འདུ་ཤེས་དང་འགན་ཁྲི་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་ཡང་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག