མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་གཉིས་ཆབས་ཅིག་ཏུ་འཕར་བའི་རྣམ་པ་བཟང་པོ་ཐོན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-10-07 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་རྒྱལ་ཁབ་ནས་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་བསྟུན་ཏེ། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། དེང་རབས་འཁོར་རྒྱུགས་མ་ལག་རགས་ཙམ་ཆགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་ཚད་མགྱོགས་མྱུར་འཕར་ནས་ལོ་རེའི་ཆ་སྙོམས་འཕར་ཚད2%ཟིན་པ་དང་། ལྷག་པར་དུ་སྤྱི་ལོ2007ལོར་ལག་བསྟར་བྱེད་འགོ་ཚུགས་པའི་གྲོང་ཚོ་ཁྲི་དང་ཤང་སྟོང་གི་ཁྲོམ་རའི་ལས་གཞི་སོགས་ལག་བསྟར་བྱས་པ་དེས། གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་རའི་སྐུལ་སྤེལ་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་དང་། རང་ལྗོངས་སུ་ལོ་ཤས་བསྟུད་མར་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་འཕར་ཚད་དེ་གྲོང་ཁྱེར་ལས་བརྒལ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་གཉིས་ཆབས་ཅིག་ཏུ་འཕར་བའི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག