མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་འཚོགས་ལ་ཉེ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:08

QQ图片20131006095850.jpg

ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས22ཉིན་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུའུ་ནས་ཤེས་གསལ་ལྟར་ན། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་དེ་ཟླ10བའི་ཚེས18ཉིན་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་ནས་གཟབ་རྒྱས་ངང་འཚོགས་རྒྱུ་མ་ཟད། དུས་མཚུངས་སུ་སྟོན་དགུན་ཡུལ་སྐོར་གྱི་དུས་བཟང་དེ་ཡང་བསུ་འགོ་རྩོམ་རྒྱུ་རེད།

  ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཝང་ཅུན་གྱིས་བཤད་པ་ལྟར་ན། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་དེ་བསྟུད་མར་ཉིན7ལ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་ཉང་ཆུར་བརྒལ་བ་དང་། ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཚོགས་འདུ། ཁྱད་མཚར་ལྡན་པའི་ཉིང་ཁྲི་ཞེས་པའི་པར་རིས་འགྲེམ་སྟོན་ལ་སོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག