མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-10-06 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་ལ་ཕྱི་ཚུལ་ཙམ་མ་ཡིན་པར་ཕན་འབྲས་བཟང་པོ་ཐོན་པ་བྱེད་རྒྱུ་འགན་སྲུང་བྱེད་ཆེད། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་མང་ཚོགས་ཀྱི་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། སློབ་སྦྱོང་དམ་འཛིན་དང་བསམ་འཆར་ཉན་པ། བཅོས་སྒྲིག་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་ཚུན་རང་ལྗོངས་ཀྱི་ལས་ཁུངས་ཁག་གིས་སློབ་སྦྱོང་ཐད་རྣམ་པ་སྣ་ཚོགས་བཟུང་ནས། གཏིང་ཟབ་དང་ཕྱོགས་ཡོངས། ཕན་ནུས་ལྡན་པ་བཅས་ཀྱི་སློབ་སྦྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། ད་བར་ལས་ཁུངས་ཁག་གིས་རིགས་ཁག་གི་ལྟ་སྐོར་སློབ་སྦྱོང་དང་སྙན་སྒྲོན་ཚོགས་འདུ་ཐེངས400ཙམ་འཚོགས་ནས་མི་གྲངས་ཁྲི2.5ཙམ་ལ་སློབ་གསོ་ཐེབ་པ་དང་། གྲོས་བསྡུར་ཆེ་མོ་ཐེངས660ཙམ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག