མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སྨན་གླིང་རྫོང་གིས་ཚོང་འགུག་དངུལ་འདྲེན་ལས་མ་དངུལ་སྒོར་ཁྲི30301.84དངོས་སུ་འབྱོར་བ།

  ཡོང་ཁུངས། མི་དམངས་དྲ་བ།  2013-10-05 11:37

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་ཚོང་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ་རྫོང་འདིས་མུ་མཐུད་དུ་ཚོང་འགུག་བྱེད་ཐབས་གསར་དུ་གཏོད་དེ་ཚོང་འགུག་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། ཚོང་འགུག་ཆུ་ཚད་ཇེ་མཐོར་བཏང་བས་ཚོང་འགུག་དངུལ་འདྲེན་གྱི་བྱ་བར་ཕན་འབྲས་བཟང་བོ་ཐོབ།

    བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ཟླ1པོ་ནས་སྤྱི་ཟླ9བའི་བར་རྫོང་ཡོངས་ཀྱིས་ཚོང་འགུག་དངུལ་འདྲེན་ལས་མ་དངུལ་སྒོར་ཁྲི30301.84དངོས་སུ་འབྱོར་བ་དང་དུས་མཉམ་ལས10.3%འཕར་ཡོད་དེ། ལོ་ཧྲིལ་བོའི་ཚོང་འགུག་དངུལ་འདྲེན་བྱ་བའི་དམིགས་འབེན་སྒོར་དུང་ཕྱུར5.2ཀྱི58.3%ལེགས་འགྲུབ་བྱུང་། བསྡོམས་པས་ས་གནས་དེའི་ལས་ཞུགས་མི་སྣའི་ཐེངས་གྲངས1004ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས། དེ་མིན་ཁེ་ལས་ཀྱིས་བསྡོམས་པས་དཔྱ་ཁྲལ་སྒོར་ཁྲི209.36སྤྲད། དེའི་ཁྲོད། སྤྱི་ཟླ9བར་མི་མཐུད་དུ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་རྣམ་གྲངས་ཐད་སྒོར་ཁྲི22640.84དངོས་སུ་འབྱོར་བ་དང་། སྤྱི་ཟླ8བར་གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཐད་སྒོར7661དངོས་སུ་འབྱོར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག