མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རིག་དོངས181བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་གྲས་སུ་བཞག

  ཡོང་ཁུངས། ཀྲུང་གོའི་རླུང་འཕྲིན་དྲ་བ།  2013-10-05 11:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་གསལ་ལྟར་ན། བོད་ལྗོངས་རིག་དངོས་སྡེ་ཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་རིག་དངོས181ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་སྐོར་ཁག་དྲུག་པའི་གྲས་སུ་འགོད་པའི་སྙན་ཞུ་ཕུལ་བ་དང་། དེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་བསྡུར་གཏན་འབེབས་བྱས་ནས་ཕྱིར་བསྒྲགས།

བོད་ལྗོངས་ཀྱི་རིག་དངོས་ལས་ཀར་སྔར་བས་ཤུགས་སྣོན་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རིག་གནས་སྟོབས་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་ཐག་བཅད་དེ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ལ་མུ་མཐུད་ནས་ཤུགས་བསྣན་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལ། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཐད་བཀོལ་བའི་མ་དངུལ་སྒོར་དུང་ཕྱུར17ལ་ཟིན་པ་དང་། སྲུང་སྐྱོབ་ལས་གཞིའི་ཁྱབ་ཁོངས་རྒྱ་ཆེ་ལ། ཁྱོན་ཡངས་པ། མ་དངུལ་བཏང་བ་ཆེས་མང་པའི་བོད་ཀྱི་ལོ་རྒྱུས་སྟེང་ད་བར་དུ་བྱུང་མྱོང་མེད།

རྒྱུས་ལོན་པ་ལྟར་ན། ད་ཐེངས་བོད་ལྗོངས་རིག་དངོས་སྡེ་ཚན་གྱིས་མཚམས་སྦྱོར་གནང་བའི་སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས181ནང་དུ་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་དིང་རིའི་ཀོན་ཏེ་ལྷ་ཁང་སོགས་གནས་ཤུལ9དང་། ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་གི་རུ་མི་གྲོང་ཚོ་སོགས་གནའ་བའི་བང་སོའི་གནས་ཤུལ7། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ནེའུ་ཕྱུང་རི་དགོན་སྡེ་སོགས་གནའ་བའི་བཀོད་ལེགས་ཁང་བ137། བྲག་ཕུག་རྡོ་རྐོས་རིགས8། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཤུལ་རྗེས་གལ་ཆེན་དང་མཚོན་བྱེད་རང་བཞིན་ལྡན་པའི་ཁང་པའི་རིགས17། གཞན་རིག་དངོས་གནས་ཤུལ3བཅས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག