མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རིག་དངོས་ཡོད་སའི་གནས་བརྒྱ་དང་གྱ་གཅིག་རང་སྐྱོང་་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཁྲོད་བཞག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ནས་ཤེས་གསལ་ལྟར་ན། བོད་ལྗོངས་རིག་དངོས་སྡེ་ཁག་གིས་དངོས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་རིག་དངོས་སྡེ་ཁག་རྒྱ་དང་གྱ་གཅིག་དེ་སྐོར་ཁག་དྲུག་པའི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཁྲོད་འཇོག་རྒྱུའི་ཡིག་ཐོག་སྙན་ཞུ་བྱས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས།

བོད་ལྗོངས་ནི་རྒྱལ་ཁབ་རིག་དངོས་ཀྱི་ཞིང་ལྗོངས་གཙོ་བོའི་གྲས་ཀྱི་གཅིག་ཡིན་པ་དང་། རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རིག་དངོས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན། ཁྱབ་རྒྱ་ཆེ་བའི་རིག་དངོས་དེ་དག་གིས་བོད་མི་རིགས་ཀྱི་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ཟིན་ཐོར་བཀོད་ཡོད་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དཔལ་ཡོན་གྱི་བང་མཛོད་ཁྲོད་ཀྱི་འོད་འཚེར་བའི་མུ་ཏིག་ཅིག་ཀྱང་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བོད་ལྗོངས་རིག་དངོས་སྡེ་ཁག་གིས་མཚམས་སྦྱོར་བྱས་པའི་སྐོར་ཁག་དྲུག་པའི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་བརྒྱ་དང་གྱ་གཅིག་གི་ཁྲོད་དུ་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་དེང་རི་རྫོང་གི་སྒང་དགའ་གྲོང་བརྡལ་གྱི་གེ་སེར་ལྷ་ཁང་སོགས་གནའ་ཤུལ་དགུ་དང་། ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་དུ་ཡོད་པའི་གནའ་བའི་བང་སོ་བདུན། ལྷ་ས་གྲོང་ཁྱེར་གྱི་གནའི་བཟོ་བཀོད་བརྒྱ་དང་སོ་བདུན་དང་རྡོ་ཕུག་བརྒྱད། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་གནའ་ཤུལ་གལ་ཆེན་དང་འཐུས་ཚབ་རང་བཞིན་གྱི་བཟོ་བཀོད་རིགས་བཅུ་བདུན་དང་རིག་དངོས་ཡོད་ས་གཞན་པ་གསུམ་བཅས་འདུ།

མིག་སྔར། བོད་རང་སྐྱོང་ལྗོངས་སུ་རིགས་མ་འདྲ་བའི་རིག་དངོས་ཡོད་སའི་གནས་སྟོང་གཉིས་ལྷག་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་རིག་དངོས་གཙོ་བོའི་སྲུང་སྐྱོབ་སྡེ་ཁག་ཉེར་བདུན་ཡོད་ལ། བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཉིས་བརྒྱ་དང་སུམ་ཅུ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག