མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ64འཁོར་བའི་སྣེ་ལེན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-02 14:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས30ཉིན།  བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་ནས་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ64འཁོར་བའི་སྣེ་ལེན་ཚོགས་འདུ་བསྡུས།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པདྨ་འཕྲིན་ལས།  བློ་བཟང་རྒྱ་མཚོ།  ཏུན་ཞའོ་ཀང་།  ཅིན་ཧྲུའུ་པའོ།  མགོན་པོ་བཀྲ་ཤིས་དང་ཆེ་དགྲ་ལྷ།  ལིའང་ཐིན་ཀེན། ཝང་རུའེ་ལེན།  ལེགས་མཆོག  པ་སངས་སོགས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་རིགས་སོ་སོའི་མང་ཚོགས་ལྷན་གཅིག་ཏུ་འཛོམས་ནས།  དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་།  མཉམ་དུ་མེས་རྒྱལ་དར་ཤིས་རྒྱས་བ་དང་རིགས་སོ་སོའི་མི་དམངས་བདེ་སྐྱིད་ལྡན་པ།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བའི་མ་འོངས་བ་སྔར་ལས་མཛེས་སྡུག་ལྡན་པར་བཀྲ་ཤིས་སྨོན་འདུན་ཞུས། 


འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སྣེ་ལེན་ཚོགས་འདུ་སྟེང་ཞུགས་པ།

སྣེ་ལེན་ཚོགས་འདུ་སྟེང་།  བློ་བཟང་རྒྱ་མཚོས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  སྲིད་གཞུང་དང་སྲིད་གྲོས་ཀྱི་ཚབ་བྱས་ཏེ།  བོད་ལྗོངས་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་བ་དང་ཆབས་ཅིག བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བཅས་ཀྱི་བྱ་གཞག་ཐད་བྱས་རྗེས་བཞག་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་དང་། བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་། དེ་མིན་མཐའ་མཚམས་སྲུང་སྐྱོང་དང་བོད་ལྗོངས་འཛུགས་སྐྲུན་གྱི་ལས་ལ་ཞུགས་པའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ཉེན་རྟོག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། བོད་ལྗོངས་བཅོས་བསྒྱུར་སྒོ་འབྱེད་དང་བྱ་གཞག་ཁག་གི་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཕྱི་རྒྱལ་ནང་གི་མི་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

བློ་བཇང་རྒྱ་མཚོས་གསུང་བཤད་གནང་བཞིན་པ།

བློ་བཟང་རྒྱལ་མཚན་གྱིས་ཚོགས་ཐོག་ཏུ། ལོ་ངོ64ཚུན་དུ། ཀྲུང་གོའི་ལམ་ཕྱོགས་དང་འཕེལ་རྒྱས་ཀྱི་གོམ་ཁའི་འོག ཀྲུང་དབྱང་གིས་བོད་ལྗོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ཞིང་། དུས་ཡུན་ཐུང་བའི་ལོ་ངོ་བཅུ་ཕྲག་ནང་། བོད་ལྗོངས་ལ་ལོ་ངོ་སྟོང་ཕྲག་ཡན་བརྒལ་ནུས་བའི་གནམ་ས་བླ་འོག་བརྗེ་བའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ལས་རིགས་ཁག་དང་བྱ་གཞག་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་བསམ་ཡུལ་ལས་འདས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་ཞེས་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་ལས་ཀྲུང་གོ་གུང་ཕྲན་ཏང་གི་འགོ་ཁྲིད་དང་། མེས་རྒྱལ་ཁྱིམ་ཚང་ཆེན་མོ་འདིའི་པང་ཁུག་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བརྟན་པོ་འདིར་སྟེང་དུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ་དང་དར་སྤེལ་གྱི་ཀྲུང་གོའི་ཕུགས་འདུན་མངོན་པར་རྡོག་རྩ་གཅིག་ཏུ་སྒྲིལ་ན། བོད་ལྗོངས་ལ་ད་གཟོད་དར་རྒྱས་ཆེ་བའི་དེ་རིང་དང་སྔར་བས་མཛེས་སྡུག་ལྡན་པའི་མ་འོང་བ་ཡོད་པ་ར་སྤྲོད་བྱས་ཡོད། དེ་བས་ང་ཚོས་ བློ་མཐུན་ཞི་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་གྱི་ལག་གདེང་དམ་པོར་སྒྲིལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རླབས་ཆེན་དར་ཆེན་མཐོན་པོར་བསྒྲེངས་ཤིང་། ཏེང་ཞའོ་ཕིན་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཅིག་སེམས་གཅིག་ལ་སྦྲེལ་ནས་གསར་གཏོད་དང་། བདེན་པ་བདེན་དོན་གྱིས་བྱ་བ་ཏན་ཏིག་བསྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་། བོད་ཀྱི་ཁྱད་ཆོས་མ་བོར་བའི་འཕེལ་རྒྱས་ཀྱི་ལམ་བུར་བགྲོད་དེ། སྟོབས་འབྱོར་ཆེ་ལ། འཆམ་ཞིང་མཐུན་པ། བདེ་སྐྱིད་ལྡན་པ། ཁྲིམས་ཀྱིས་སྐྱོང་བ། དཔལ་ཡོན་དར་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཕྱིར་དུ་འབད་པ་ལྷུར་ལེན་བྱེད་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག