མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་དངུལ་གྱི་སྤྱིའི་རིན་ཐང་ལོ་རེར་བརྒྱ་ཆའི་༢༠མར་ཆག་པ།ལོ་རེར་བརྒྱ་ཆའི20མར་ཆག་པ།

  ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   2013-10-01 10:16

དཔེ་དེབ་དང་སྨྱུག་སླས་སོགས་གང་ཡིན་ནའང་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོ་ཞིག་བརྒྱུད་ཡོད་ལ། དངུལ་སྒོར་ཡིན་ནའང་དེ་ལས་མ་འདས། གསེར་དངུལ་ནི་གདོད་མ་ནས་དངུལ་སྒོར་ཡིན་ལ། ཁོ་མ་རྩ་ནས་རིན་ཐང་ཞིག་ཆགས་བསྡད་ཡོད་པ་རེད། ད་ལོའི་ཟླ་༨པའི་ཚེས་༢༡ཉིན། ཞང་ཀང་དུ་ནེ་ཀུ་ལ་སི་ལོ་ཚི་བོད་ལྗོངས་དངུལ་སྒོར་གནའ་རྫས་ཚོང་འགྲེམས་བསྡུས་པར་རིགས་སོ་སོའི་མིག་དབང་འཕྲོག་པ་བྱུང་། ལྷག་པར་དུ་ཉར་ཚགས་མཁན་པོ་དག་རེད། ཐེངས་འདིའི་རིན་ཐང་བརྗེས་གསོར་དང་ཚོང་དངོས་ཚད་གཞི་ན་སྔ་ན་མེད་པ་ཞིག་རེད། 1910ལོར་གསར་རྙེད་ཀྱི་མཐོང་དཀོན་པོའི་བོད་དངུལ་སྲང་བཅུ་ཅན་ཞིག་ལ་ཞང་ཀང་སྒོར་མོ384000༼དམངས་སྒོར་ཁྲི30.3༽བརྗེས་པ་རེད། ཚོང་འགྲེམས་སྔོན་གྱི་རིན་ཐང་ནི་ཞང་ཀང་སྒོར་མོ150000༼དམངས་སྒོར11.8༽ཙམ་རེད། ཅི་ཕྱིར་གནའ་རྫས་གསོག་ཉར་མཁན་པོ་དང་མཁས་པ་དག་གིས་རིན་ཆེན་གསེར་ལས་ལྷག་པར་བོད་དངུལ་ལ་མཐོང་ཆེན་བྱས་པ་ཡིན་ནམ། ཚེས༢༥ཉིན། གསར་འགོད་པས་བོད་དངུལ་གསོག་ཉར་ལོ20རིང་བྱས་པའི་སྐུ་ཞབས་ཡོན་ལགས་དང་།དངུལ་སྒོར་གྱི་ཚོང་གཉེར་ལོ་དྲུག་བདུན་རིང་བྱས་མྱོང་བའི་ལིས་ལགས་ལ་བཅར་འདྲི་བྱས་པ་རེད།

རིན་ཐང་། དཔལ་འབྱོར། ལོ་རྒྱུས། རིག་གནས་དང་འབྲེལ་ཡོད།

བོད་དངུལ་ལ་ཞིབ་འཇུག་དང་ཉར་ཚགས་བྱེད་པ་ནི་ཚོང་དོན་གཅིག་པུའི་ཆེད་དུ་མ་རེད། དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཞིག་རེད། ཡོན་ལགས་ཀྱི་བཤད་རྒྱུར། ལོ་ཉི་ཤུའི་སྔོན་ལ་ཁོ་རང་གི་ཟླ་ཕོགས་ནི་སྒོར་མོ་བརྒྱ་ལྷག་རེད། འོན་ཏེ་ཁོ་རང་ལྷ་སའི་བར་སྐོར་དུ་མྱུལ་དེ་བོད་དངུལ་གཅིག་ལ་སྒོར་བཅུ་གྲངས་སྟེར་དགོས་པ་རེད། སྐབས་དེར་ཁོང་ལ་མཚོན་ན་བསམ་ཡུལ་ལས་འདས་པའི་དོན་ཞིག་ལགས་ཀྱང་། ལས་ཀ་དེར་དགའ་ཚར་བ་ལ་ཕྱིར་འདང་ཉག་གཅིག་ཀྱང་བརྒྱབ་མ་མྱོང་།

དང་ཐོག་ཁོ་རང་བར་སྐོར་དུ་འཁྱམས་མྱུལ་བྱས་པ་དང་། བོད་དངུལ་གཅིག་ལ་ལྡབ་བཅུ་ལྷག་གི་རིན་གོང་སྤྲད་པ་དང་། ཚོང་པ་དག་གིས་ཀྱང་ཁོང་ལ་འཚོང་བར་སྤྲོ་ཡོད། མང་པོ་ཞིག་ཉོས་ཚར་བའི་ཡོན་སྐུ་ཞབས་ཧམ་པའང་ཆེ་རུ་ཕྱིན་ལ། ཁ་མདོག་མི་འདྲ་བ་དང་། དཔར་ཤིང་མི་འདྲ་བའི་བོད་དངུལ་མང་པོ་ཞིག་བསྡུས་ཏེ་རིམ་བཞིན་ལམ་ཁ་འདིར་ཞུགས་ཤིང་། ལས་འདིར་དགའ་པོ་བྱུང་བ་རེད། ཅེས་བཤད།

ཡོན་སྐུ་ཞབས་ལས་གཞན་ད་རུང་ལྷ་ས་བའི་བོད་དངུལ་ཉར་ཚགས་བྱས་ཡོད། གསར་འགོད་པས་ཚོང་རྭ་ལས་ཤེས་གསལ། བོད་དངུལ་མང་པོ་ཚོང་འགྲེམས་ཀྱི་སྦྱིན་བདག་མང་པོས་བོད་དངུལ་གཤིབ་བསྡུར་དང་། མཐོང་དཀོན་པོ་ཁ་ཤས་རང་ཉིད་ཀྱིས་ཀྱང་ཉར་ཚགས་བྱས་ཐུབ་མེད། མི་མང་པོ་འདི་འདྲས་བོད་དངུལ་གསོག་ཉར་དང་ཞིབ་འཇུག་བྱས་པ་ན། བོད་དངུལ་གྱི་རིན་གོང་ཡང་ཉམས་ཆུང་དུ་འགྲོ་བ་ལས་འོས་མེད། ཡོན་ལགས་ཀྱིས། བོད་དངུལ་ལས་སྐབས་དེ་དཔལ་འབྱོར་དང་། ལོ་རྒྱུས། རིག་གནས་སོགས་མཚོན་པ་ནི་རི་མོ་དང་ཡི་གེ་ལས་ཀྱང་ཤེས་ཐུབ། ཞེས་བཤད་བྱུང་། ད་ལོའི་ཟླ་༨པའི་བོད་དངུལ་ཚོང་འགྲེམས་འདི་ནི་ལོ་རྒྱུས་ལས་ཆེས་ལེགས་གྲུབ་བྱུང་བའི་ཚོང་འདུས་ཞིག་ཡིན་ལ། ཐེངས་འདིར་བོད་དངུལ5000ལྷག་འདུས་ཤིང་བརྒྱ་ཆའི90ཟིན་པའི་ཉར་ཚགས་པ་རྒྱལ་ནང་གི་རེད།

བོད་དངུལ5000ལྷག་ལས་ཆ་ཚང་བ་བོད་དངུལ་རྣལ་མ་མ་ལགས་ཤིང་། དེ་ལས་འདྲ་མཚུངས་སུ་བླུགས་ཤིང་། དཔེར་ན་རྒྱལ་མོ་ཚིས་ཞི་ལགས་ཀྱི་དབུ་བརྐོས་ཅན་དང་། བོད་དངུལ་གྱི་ཕྱི་འགྲིམ་ཚད་གཞི་ལས་ཀྱང་སྐབས་དེ་དཔལ་འབྱོར་ཤེས་གསལ་ལ། བོད་ཡུལ་དུ་མི་གྲངས་ཉུང་བ་དང་། དངུལ་ལོའི་འགྲིམས་སྐྱོད་རྒྱ་ཆུང་བ་བཅས་གསེར་དངུལ་ལས་བྱས་པའི་སྒོར་མོ་རིན་ཐང་ཆེ་བ་རེད། ཕྱུག་པོ་ཁ་ཤས་ཀྱིས་གསེར་དངུལ་བུ་ག་ཕུགས་པ་དང་རྒྱན་ཆ་བཟོས་པ་སོགས་དང་། འབྲོག་པ་ལ་མཚོན་ན་གཏན་སྡོད་ཀྱི་གནས་གཞི་མེད་པར་གསེར་དངུལ་སོགས་སྤོ་འཁྱེར་སྟབས་བདེ་ཆེད་གཡུ་བྱུར་རིན་གྱི་རྒྱན་ཆར་བརྗེས་ཏེ་སྐེ་ལ་འདོགས་པར་བྱེད་ལ། རྗེས་སོར་སྒོར་མོར་བརྗེས་བཞིན་པའི་གནས་ཚུལ་ཡང་ཡོད།

འགྱུར་བ། དངུལ་སྒོར་གྱི་རིན་ཐང་འཕེལ་གྲིབ་ཆེན་པོ་མེད་པ།

ལོ་བཅུའི་རིང་ལ་རྒྱལ་ནང་གི་གནའ་དངུལ་རིན་གོང་འཕེལ་རྒྱས་ཆེ་ལ། ཉུང་མཐར་ཡང་ལྡབ་ཉི་ཤུ་དང་སུམ་ཅུ་ལྷག་འཕར་བཞིན་མཆིས། བོད་དངུལ་གྱི་རིན་གོང་ནི་གནའ་ནས་གཏན་བརླིང་རེད། ཐེངས་འདིའི་ཞང་ཀང་གི་བོད་དངུལ་ཚོང་འདུས་སུ་ལས་འདི་གཉེར་བའི་མི་མང་པོ་དག་གི་རེ་སྙེགས་བྱེད་སའང་འདི་རེད།

གཡུ་ཐོགས་ལམ་ཞིན་ཧྭ་དཔེ་ཚོང་ཁང་གི་འཁྲིས་སུ་དངུལ་ལོའི་ཚོང་གཉེར་བྱེད་བཞིན་པའི་ལིས་ཅོན་ལི་ཡི་བཤད་རྒྱུར། ནང་ལོགས་དང་བསྡུར་ན་བོད་དངུལ་གྱི་རིན་ཐང་ཅུང་ཟད་དམའ་ལ། ས་སྙོམས་ཀྱི་མཐོན་པོ་མ་རེད། འདི་ལ་དགའ་བའི་ཉར་ཚགས་མཁན་ཡང་ཇེ་ཉུང་དུ་ཕྱིན་པ་རེད། 2006ལོར་དངུལ་ལོའི་ཚོང་རྭ་དབུ་བརྩམས་ཤིང་། རིམ་བཞིན་རིན་ཐང་ཡར་འཕར་བ་རེད། 2011ནས2012ལོར་ཉམས་ཆག་གི་རྣམ་པ་དང་། ད་ལྟ་རིན་ཐང་སྙོམ་སྒྲིག་སྟེ་ཡར་མ་འཕར་བའི་གནས་སྐབས་རེད། བོད་དངུལ་ནི་འཕེལ་འགྲིབ་རྣམ་པ་ཆེར་མི་ལྡན་ལ་དམངས་སྒོར་ལྟ་བུ་མ་རེད།

ནོར་འཁྲུལ། བོད་ཡིག་གིས་ལས་ཀ་འདིར་སྤྲོ་ཡང་མཚམས་འཇོག་བྱེད་དུ་འཇུག

ལས་རིགས་འདིར་དགའ་བའི་མི་མང་པོ་ཞིག་གིས་གཙོ་བོ་ལོ་རྒྱུས་དང་རིག་གནས། བོད་དངུལ་གྱི་མཛེས་འཛིན་རིན་ཐང་སོགས་གསལ་པོར་མ་རྟོགས་པར་རང་ཉིད་ཀྱིས་དཔལ་འབྱོར་མང་པོ་བོད་དངུལ་ལ་བརྗེས་ཏེ། རང་ཉིད་ཀྱི་མིག་འབྲས་བཏོན་པའི་ཚོང་དོན་དང་འཕྲད་པ་དང་། བོད་དངུལ་གྱི་རིན་ཐང་འགྱུར་ལྡོག་ཤིན་ཏུ་ཆེ་བ་སོགས་ཀྱི་དུས་སྐབས་དང་འཕྲད་ཡོད། དོན་དངོས་སུ་ནོར་འཁྲུལ་འདི་དག་ནི་གཙོ་བོར་ཆགས་ཡོད་པ་མ་རེད།

ཐོག་མར་བོད་ཡིག་མ་ངེས་པའི་དཀའ་ངལ་དང་། བོད་དངུལ་སྟེང་གི་བོད་ཡིག་གིས་ལས་འདིར་དགའ་བའི་རེ་བ་ཉམས་པར་བྱས། འོན་ཏེ་མི་མང་པོ་ཞིག་གིས་ད་རུང་དཀའ་ངལ་འདི་གདོང་བསུ་བྱེད་བཞིན་མཆིས། ངའི་གྲོགས་པོ་ཞིག་གིས་ཡི་གེ་མ་ཤེས་པའི་གྱོང་འདི་རེག་བྱུང་། ཉོ་བཞིན་པའི་སྐབས་སུ་བདེན་རྫུན་མ་ཤེས་ཤིང་། ཉོས་ཚར་རྗེས་སུ་དྲ་ཐོག་དང་དཔེ་དེབ་སོགས་ལ་ཞིབ་མོར་བསྡུར་དཔྱད་བྱས་པ་ལ་རྫུན་དུ་ཆགས་པ་རེད། ཡོན་ལགས་ཀྱིས་བཤད་བྱུང་། མཐའ་ཟད་མེད་པ་དང་རི་མོ་སྣོག་མེད་པ། ཡི་གེ་གསལ་པོ་སོགས་རི་མོ་དང་བསྡུར་བ་དཔྱད་སྐབས་ལས་སླ་པོ་ཡོད་ལ། གནས་ཚུལ་ཆུང་ཆུང་ཞིག་ལས་ཀྱང་ཉོག་དྲ་ཆེན་པོ་བཟོས་ཡོང་།

ཡོན་ལགས་ཀྱིས། རབ་བྱུང་ན་ལས་ཀ་འདིར་ཆ་ཡོངས་སུ་ཤེས་རྒྱ་ཞིག་མེད་པར་ལས་འདི་མ་གཉེར་ན་བཟང་། བོད་དངུལ་ལ་དཔར་གཞི་མི་འདྲ་བ་མང་པོ་ཡོད་ལ། སྐབས་ཐོག་དེ་མི་དམངས་ཀྱི་རི་མོའི་དགའ་ཕྱོགས་ཀྱི་ཚད་གཞི་མི་འདྲ་བ་དང་། ཤེས་རྒྱ་མེད་པའི་དབྱེ་འབྱེད་གསལ་པོ་མེད་པར། གང་ཞིག་རིན་ཐང་ཆེན་པོ་དང་། གང་ཞིག་རྒྱུན་མཐོང་སུ་གྱུར་བ་སོགས་ཤེས་མི་ཐུབ། འདི་ལྟར་རིན་གོང་ཆེན་པོ་སྤྲད་པའི་བོད་དངུལ་ཡང་ཆེས་རིན་ཐང་མེད་པར་འགྱུར་བ་དང་། ཤེས་རིག་དབྱེ་འབྱེད་ལ་མཁས་པས་རིན་གོང་དམའ་མོས་ཀྱང་ཆེས་དཀོན་པའི་བོད་དངུལ་རྩ་ཆེན་རྙེད་པ་སོགས་རེད།


བོད་དངུལ་གསོག་ཉར།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག