མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་ནི་བོད་རིགས་མང་ཚོགས་ཀྱི་མཛའ་མཐུན་གྲོགས་པོ་རུ་གྱུར་ཡོད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-09-29 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་བཀོད་ནས་འགྲེམ་སྤེལ་བྱེད་བཞིན་པའི་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར་དང་པོ་ཡིན་པས་ཆ་ནས།  མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་འགན་ཁུར་ཏེ།  མི་དམངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་མཛད་བཞིན་ཡོད།  མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་རྩོམ་སྒྲིག་འགྲེམ་སྤེལ་བྱས་པ་ནས་བཟུང་ཏང་ཀྲུང་དབྱང་གི་སྲིད་ཇུས་ཡོད་ཚད་དམངས་ཡོངས་ལ་བརྒྱུད་སྒྲོག་བྱེད་པར་རྒྱུན་འཁྱོངས་བྱས་ཏེ།  ལག་ལེན་དངོས་དང་འཚོ་བ་དངོས། མང་ཚོགས་བཅས་ལ་ཁ་ཕྱོགས་པ་དང་།  གསར་འགྱུར་བརྒྱུད་སྒྲོག་བྱེད་པའི་ཆོས་ཉིད་ལྟར།  རྒྱུན་ཆད་མེད་པར་མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་ཀྱི་མཛའ་མཐུན་དང་ཡིད་འགུག་ནུས་པ་མཐོར་འདེགས་སུ་བཏང་བས།  བོད་རིགས་མང་ཚོགས་བར་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་གནམ་འོག་ཀུན་གྱི་དུས་བྱུང་གསར་འགྱུར་བརྒྱུད་སྒྲོག་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་བློ་རིག་གི་སྒོ་མོ་ཕྱེ་བའི་མཛའ་མཐུན་གྲོགས་པོ་ཞིག་ཏུ་གྱུར་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག