མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དུ་ཆོས་རྩོད་ཆེན་མོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:53


བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དུ་ཆོས་རྩོད་ཆེན་མོ་བསྡུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དུ་ལོ་རེའི་སྟོན་དུས་ཀྱི་ཆོས་རྩོད་ཆེན་མོ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། དགོན་པ་འདིར་དབྱར་དགུན་སྟོན་དཔྱིད་བཅས་དུས་ཚིགས་བཞིའི་ཆོས་རྩོད་ཆེན་མོ་ཡོད་ཅིང་། སོ་སོ་ནི་བོད་ལུགས་ཀྱི་ཟླ2པ་དང་། ཟླ4བ། ཟླ8པ། ཟླ10བ་བཅས་སུ་ཉིན20རེར་སྤེལ་གྱིན་ཡོད། ད་ཐེངས་ནི་བོད་ལུགས་ཀྱི་ཟླ8པའི་ཚེས2ཉིན་སྤེལ་བ་དང་ཟླ8པའི་ཚེས21ཉིན(སྤྱི་ཟླ9བའི་ཚེས7ནས་ཚེས26བར)མཇུག་སྒྲིལ་བ་རེད།

བྱམས་པ་གླིང་དགོན་པ་ནི་བོད་རབ་བྱུང་བདུན་པའི་མེ་སྦྲུལ་སྤྱི་ལོ1437ལོར་རྗེ་ཤེས་རབ་བཟང་པོས་ཐོག་མར་ཕྱག་བཏབ། དགོན་པ་དེ་ནི་རྫ་ངོམ་ཆབ་གཉིས་ཀྱི་མདོ་རུ་གནས་པ་ལས་རྟེན་གྱི་གཙོ་བོ་བྱམས་པ་མགོན་པོ་ཡིན་པས་ན་ཆབ་མདོ་བྱམས་པ་གླིང་ཞེས་གྲགས། ད་སྔ་དགོན་པ་འདིར་གྲྭ་བཙུན་སྟོང་ལྷག་ཡོད་ཅིང་། མཐའ་འཁོར་དུ་དགོན་པ་ཆུང་ངུ་བདུན་ཅུ་ཡོད་པ་དང་། ཁམས་པའི་ས་ཁུལ་དུ་ཆེས་སྔ་བ་དང་གཞི་རྒྱ་ཆེས་ཆེ་བའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག