མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྤྱི་ཟླ1པོ་ནས་སྤྱི་ཟླ7པའི་བར་ལྷོ་ཁ་ས་ཁུལ་གྱིས་སྲིད་གཞུང་ཉོ་སྒྲུབ་ཕྱོགས་ནས་སྒོར་ཁྲི444.8གྲོན་ཆུང་བྱས་པ།

  ཡོང་ཁུངས། ལྷོ་ཁའི་དྲ་བ།  2013-09-26 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ནོར་སྲིད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ7པའི་བར། ལྷོ་ཁ་ས་ཁུལ་ཡོངས་ཀྱིས་ཡོངས་བསྒྲགས་སུ་དམིགས་འགུགས་བྱེད་པ་དང་། གདན་ཞུ་དམིགས་འགུགས། རིན་གོང་རྒྱུས་ལོན་སོགས་ཀྱི་རྣམ་པ་བརྒྱུད་དེ་བསྡོམས་པས་ཉོ་སྒྲུབ་བྱ་བ་ཐེངས73རྩ་འཛུགས་བྱས་པ་དང་། སྡེ་ཁག72ཀྱི་སྒྲིག་བཀོད་དང་སྒྲིག་ཆས་ལ་སྲིད་གཞུང་གིས་གཅིག་གྱུར་སྒོས་ཉོ་སྒྲུབ་བྱས་པ་ཡིན།

རྒྱུས་ལོན་པ་ལྟར་ན། གོང་གི་ཉོ་སྒྲུབ་སྔོན་རྩིས་མ་དངུལ་སྤྱི་འབོར་སྒོར་ཁྲི7728.3ཡིན་པ་དང་། དོན་དངོས་སུ་ཉོ་སྒྲུབ་མ་དངུལ་སྒོར་ཁྲི7283.5ལ་སླེབས་ཡོད། དེའི་ནང་མ་དངུལ་སྒོར་ཁྲི444.8གྲོན་ཆུང་བྱས་ཡོད་པས་མ་དངུལ་གྲོན་ཆུང་བྱེད་ཚད5.8%ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག