མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་མི་འགོར་བར་རྫོང་སོ་སོ་ནས་སྒོ་ཕྱེ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-26 10:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་གི་ཕྱིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་གྱུར་ཡོད། ད་ལོར་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོར་རིན་ཐང་སྒོར་ཁྲི19.73ལྷག་གི་འཁོར་སྐྱོད་དཔེ་ཚོང་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པས་རྫོང་སོ་སོའི་ཞིན་ཧྭ་དཔེ་ཁང་གི་རྨང་གཞི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་སྤེལ་བཞིན་ཡོད་ལ། རྫོང་སོ་སོའི་ཞིན་ཧྭ་དཔེ་ཁང་མི་འགོར་བར་སྒོ་ཕྱེ་རྒྱུ་རེད།

ནག་ཆུ་ས་ཁུལ་གྱི་རིག་གནས་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅུ་གཞོན་པ་ཚེ་རིང་ལུང་འཕེལ་གྱིས་བཤད་རྒྱུར། ཞིན་ཧྭ་དཔེ་ཁང་གི་འཁོར་སྐྱོད་དཔེ་ཚོང་རླངས་འཁོར་གྱིས་གསར་འགྱུར་པར་སྐྲུན་འགྲེམས་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཞིང་འབྲོག་ས་ཁུལ་དུ་པར་སྐྲུན་དཔེ་དེབ་འགྲེམས་སྤེལ་བྱེད་དཀའ་བ་དང་དཔེ་དེབ་ཞིང་གྲོང་དུ་བསྐྱལ་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པ་མ་ཟད། གཞི་རིམ་རོང་འབྲོག་ས་ཁུལ་གྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་། རོང་འབྲོག་ས་ཁུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

རྒྱུས་ལོན་པ་ལྟར་ན། མ་དངུལ་སྒོར་ཁྲི1380བཏང་ཡོད་ལ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4600ཡོད་པའི་ལྷ་རི་རྫོང་དང་། སྙན་རོང་རྫོང་། སོག་རྫོང་། འབྲི་རུ་རྫོང་། ཨ་མདོ་རྫོང་། དཔལ་མགོན་རྫོང་། ཤན་རྩ་རྫོང་། ཉི་མ་རྫོང་སོགས་རྫོང9ཡི་རྫོང་རིམ་པའི་ཞིན་ཧྭ་དཔེ་ཁང་གི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་སྤེལ་བཞིན་ཡོད། རྣམ་གྲངས་འདི2012ལོའི་སྤྱི་ཟླ5བར་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོས་འགན་ཁུར་ནས་ལག་བསྟར་བྱེད་བཞིན་ཡོད། མིག་སྔར། ཨ་མདོ་རྫོང་དང་། སྙན་རོང་རྫོང་། ཉི་མ་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱུང་། དཔལ་མགོན་རྫོང་དང་། ཤན་རྩ་རྫོང་། ལྷ་རི་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ད་ལོའི་སྤྱི་ཟླ5བར་ལས་འགོ་ཚུགས་པ་ཡིན་ལ། ད་ལྟ་སྤྱིའི་བཟོ་འགོད་ཀྱི40%ལེགས་འགྲུབ་བྱུང་ཡོད་དེ་སྔོན་རྩིས་ལྟར་ན་སྤྱི་ཟླ9བའི་ཟླ་མཇུག་དང་ཡང་ན་སྤྱི་ཟླ10བའི་ཟླ་སྟོད་དུ་མཇུག་སྒྲིལ་རྒྱུ་རེད། སོག་རྫོང་དང་འབྲུ་རི་རྫོང་གིས་ད་ལྟ་ལས་གཞིའི་གྲ་སྒྲིག་བྱ་བ་སྒྲུབ་བཞིན་ཡོད། སྔོན་རྩིས་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་བར་དུ་ནག་ཆུ་ས་ཁུལ་གྱི་རྫོང་སོ་སོའི་ཞིན་ཧྭ་དཔེ་ཁང་ཚང་མ་ལེགས་འགྲུབ་འབྱུང་ངེས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག