མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རྐང་འཛིན་མི་སྣ་གསོ་སྦྱོང་འཛིན་གྲྭ་ཉེ་ཆར་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-25 09:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཉིས་ཀྱི་མཉམ་དུ་སྤེལ་བའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རྐང་འཛིན་མི་སྣ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྤེལ་འགོ་བརྩམས། མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་མི33གསོ་སྦྱོང་ནང་ཞུགས། གསོ་སྦྱོང་གི་ནང་དོན་ལ་རྨང་གཞིའི་ནུས་རྩལ་དང་། བོད་ཀྱི་སྲོལ་རྒྱུན་ཞབས་བྲོ། ཟློས་གར་སོགས་འདུས།

མངའ་རིས་ས་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཕུན་ཚོགས་བསྟན་འཛིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནང་ཞུགས་པའི་སློབ་མས་རང་ཉིད་ཀྱི་ནུས་པ་སྤེལ་འདོན་གང་ལེགས་བྱས་ཏེ། ཐེངས་འདིར་བསླབ་པའི་ཤེས་བྱར་བརྟེན་ནས་འཁྲབ་སྟོན་མི་སྣ་དེ་ལས་མང་པོར་ཤུགས་རྐྱེན་ཐེབས་སུ་བཅུག་ནས་གཞི་རིམ་གྱི་འཁྲབ་སྟོན་མི་སྣ་རྣམས་ཀྱིས་ཕུལ་བྱུང་སྒྱུ་རྩལ་བརྩམས་ཆོས་གང་མང་སྔོག་འདོན་བྱས་ཏེ་ཞིང་ཕྱུགས་ལས་ས་ཁུལ་གྱི་རོང་འབྲོག་པར་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག