མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གི་ལས་གཞི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-24 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གི་ལས་གཞི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བརྩམས།

རྒྱུས་ལོན་པ་ལྟར་ན། ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གི་རྣམ་གྲངས་ལག་བསྟར་བྱ་རྒྱུ་ནི་ལྷོ་ཁ་ས་ཁུལ་ཏང་ཨུའི་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས“དམངས་འཚོའི་དོན་དངོས་བཅུ”ལེགས་པར་སྒྲུབ་པ་ལག་ལེན་མཐར་ཕྱིན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་ལེགས་བཟོ་སྐྲུན་དང་དམངས་སེམས་མཚོན་པའི་བཟོ་སྐྲུན་ཞིག་ཀྱང་ཡིན། རྣམ་གྲངས་འདི་འཛུགས་སྐྲུན་བྱེད་པ་ལས་སྔར་ལས་ལྷག་པའི་སྒོ་ནས་ལྷོ་ཁ་ས་ཁུལ་གྱི་སྤྱི་ཚོགས་ཕན་བདེའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། དོན་དངོས་དང་བསྟུན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་རྟེན་དང་ཁེ་ཕན་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ལྷོ་ཁ་ས་ཁུལ་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་བསོད་ནམས་རིག་འཛིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྣམ་གྲངས་འདིར་བསྡོམས་པས་སྒོར་ཁྲི6000བཏང་ཡོད་དེ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ17802.07ཟིན། ཇུས་འགོད་གཞི་ཁྱོན་ལ་ཉལ་ཁྲི500ཤོང་། རྣམ་གྲངས་འདི་ལེགས་འགྲུབ་བྱུང་རྗེས་ལྷོ་ཁ་ས་ཁུལ་གྱི་བྱིས་པའི་ཕན་བདེ་བྱ་བཞག་གི་འགན་སྲུང་ནུས་བ་ཇེ་མཐོར་གཏོང་རྒྱུ་ཡིན་པ་མ་ཟད། དྭ་ཕྲུག་གི་སློབ་གསོ་དང་འཚོ་རྟེན། རོལ་རྩེད། སྨན་བཅོས་སོགས་ཀྱི་ཕྱོགས་ནས་ཕན་ནུས་ལྡན་པའི་རོགས་སྐྱོབ་ཐོབ་ཐུབ་པས། ལྷོ་ཁ་ས་ཁུལ་གྱི་དྭ་ཕྲུག100%གཅིག་སྡུས་ངང་གཉོར་སྐྱོང་བྱེད་རྒྱུ་མངོན་འགྱུར་བྱེད་པར་རྨང་གཞི་གསར་བ་བཏང་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག