མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གོ་འཇོ་རྫོང་ཁེར་རི་ཤང་གིས་ནུས་ཤུགས་ཆེན་པོས་གནོད་མེད་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-24 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཁེར་རི་ཤང་གིས་ནུས་ཤུགས་ཆེན་པོས་གནོད་མེད་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་བས། སྔོ་ཚལ་རིགས་སོ་སོའི་སྐྱེ་ཚུལ་ཡག་ལ། གསོ་སྤེལ་གཞི་ཁྱོན་ཡང་རིམ་བཞིན་ཇེ་ཆེར་སོང་སྟེ། གནོད་མེད་ཞིང་ལས་ཐོན་རྫས་ཀྱི་འདེབས་འཛུགས་དང་སྒོ་ཕྱུགས་གསོ་སྤེལ་ཕྱོགས་ནས་དགའ་འོས་པའི་གྲུབ་འབྲས་ཐོབ།

ཁེར་རི་ཤང་གིས་ཤང་འདིའི་ཆགས་ཚུལ་མཚོ་ངོས་མཐོ་ཚད་ལས་ཅུང་དམའ་བའི་ཆ་རྐྱེན་བཟང་བོར་དམིགས་ནས། ཆེད་ལས་མི་སྣ་གདན་དྲངས་ཏེ་སློབ་གསོ་དྲིལ་བསྒྲགས་བྱེད་པ་བརྒྱུད་ནས་ཤང་ཡོངས་ཀྱི་ན་གཞོན་རྣམས་ཧུར་ཐག་ངང་ལས་ཀར་ཞུགས་རྒྱུ་སྐུལ་སྤེལ་བཏང་བ་དང་། ཞིང་ས་མུའུ6བེད་སྤྱད་དེ་ཞིང་ཕྱུགས་འདེབས་འཛུགས་གསོ་སྦྱོང་ལྟེ་གནས་བསྐྲུན་པ་མ་ཟད། ལྟེ་གནས་སུ་དྲོད་ཁང་ཆེན་པོ5བསྐྲུན་ནས་སྲོལ་རྒྱུན་གྱི་འདེབས་འཛུགས་ཐབས་ལམ་ལ་མུ་མཐུད་དུ་བཅོས་བསྒྱུར་བྱས།རྒྱུས་ལོན་པ་ལྟར་ན། ཁེར་རི་ཤང་གི་འདེབས་འཛུགས་དང་གསོ་སྤེལ་གྱི་རྣམ་པ་གསར་དུ་གཏོད་དེ་མང་ཚོགས་ཀྱི་བརྩོན་སེམས་སྐུལ་སློང་བྱས་པས་ཁེར་རི་ཤང་གི་ཞིང་ཕྱུགས་ལས་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་ཡོང་བར་སྐུལ་འདེད་བཏང་བ་རེད།

བྱེད་ཐབས་གང་མང་སྤྱད་དེ་འབད་བརྩོན་བྱས་པ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་ཕན་ཁེ་མཐོང་རྗེས་ཚང་མས་མིག་དཔེ་ལྟར་ལད་མོ་བྱས་པས། ལག་རྩལ་མི་སྣས་མཛུབ་སྟོན་འོག མིག་སྔར་ཁེར་རི་ཤང་གི་ཁྱིམ་ཚང་རེ་རེས་ཕག་གསོ་བ་དང་། སྔོ་ཚལ་འདེབས་བཞིན་ཡོད་ལ། སྔོ་ཚལ་རང་ལ་མཁོ་འདོན་བྱེད་ཚད80%ཟིན་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག