མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཚན་རིག་ལྷན་ཚོགས་ཀྱིས་སྤེལ་བའི2013ལོའི“གངས་ལྗོངས་ཚན་རིག་ཁྱབ་གདལ་ཆད་ཁྲིད་ཆེན་མོ”དངོས་སུ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-23 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2013ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོར་བོད་ལྗོངས་ཚན་རིག་ལྷན་ཚོགས་ཀྱིས་སྤེལ་བའི“གངས་ལྗོངས་ཚན་རིག་ཁྱབ་གདལ་ཆད་ཁྲིད་ཆེན་མོ”དངོས་སུ་འགོ་བརྩམས་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོའི་ཚན་རིག་ཁྱབ་གདལ་ཉིན་མོའི་སྐབས་སུ། བོད་རང་སྐྱོང་ལྗོངས་ཚན་རིག་ལྷན་ཚོགས་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིན། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིན་བཅས་ཀྱིས“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”ཞེས་པའི་བྱ་འགུལ་གྱི་བརྗོད་བྱར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་པོའི་ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་རྒྱུ་གཅིག་སྡུས་ངང་རྩ་འཛུགས་བྱས་ཏེ། ཞིང་ཕྱུགས་ལས་ས་ཁུལ་དང་། འདུས་སྡོད་ཁུལ། སློབ་གྲྭ། དགོན་པ་སོགས་ས་ཁུལ་དུ་སོང་ནས་མང་ཚོགས་ལ་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་བར་དོ་སྣང་དང་འཛིན་སྐྱོང་བྱེད་པའི་སྣང་ཚུལ་བསྐྲུན། དེ་དང་ཆབས་ཅིག་བོད་ལྗོངས་ཚན་རིག་ལྷན་ཚོགས་ཀྱིས“གངས་ལྗོངས་ཚན་རིག་ཁྱབ་གདལ་ཆད་ཁྲིད་ཆེན་མོ”ཞེས་པའི་བྱ་འགུལ་དེ་རྒྱུན་ལྡན་ཅན་གྱི་ཚན་རིག་ཁྱབ་གདལ་བྱ་འགུལ་རིམ་པ་ཅན་དུ་གཏོང་རྒྱུར་འབད་བརྩོན་བྱས་ནས་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག