མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-23 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་དམངས་སྲིད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ཆབ་མདོ་ས་ཁུལ་གྱི་དམངས་སྲིད་སྡེ་ཁག་གིས“མི་རྩ་བར་འཛིན་པ་དང་། མི་དམངས་གྱི་སྡུག་བསྔལ་སེལ་བ། མི་དམངས་ལ་ཞབས་ཞུ་བྱེད་པ”བཅས་ཀྱི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་སྡོད་གནས་འཛུགས་སྐྲུན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ་དམངས་འཚོ་འགན་སྲུང་དང་དམངས་འཚོ་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་ནས་བྱེད་ཐབས་ལ་ཤུགས་སྣོན་དང་སྐུལ་འདེད་བྱས་པས་སྤྱི་ཚོགས་རོགས་སྐྱོར་ཆུ་ཚད་དང་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མངོན་གསལ་ངང་ཇེ་མཐོར་འགྲོ་བཞིན་ཡོད་ལ། དཀའ་ངལ་མང་ཚོགས་དང་། དམིགས་བསལ་དཀའ་ངལ་མང་ཚོགས། གཟིགས་སྐྱོང་མང་ཚོགས་བཅས་ཀྱི་འཚོ་བའི་འགན་སྲུང་ཆུ་ཚད་ལོ་རེ་བཞིན་གོང་དུ་འཕེལ་བཞིན་ཡོད།

ཉེ་བའི་ལོ་གཉིས་ནང་ཆབ་མདོ་ས་ཁུལ་གྱིས་བསྡོམས་པས་གྲོང་རྡལ་གྱི་མ་མཐའི་འགན་སྲུང་གི་མ་དངུལ་སྒོར་ཁྲི2600ལྷག་དངོས་འབེབས་བྱས་ཤིང་། ས་ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང2524ཡི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཐག་གཅོད་བྱས་པ་མ་ཟད། ཞིང་སྡེའི་མ་མཐའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར1.4ལས་བརྒལ་བ་དངོས་འབེབས་བྱས་ཏེ་ཁྱིམ་ཚང16234ཡི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཐག་བཅད་པ་རེད། 2011ལོ་ནས་ད་ལྟའི་བར་། ཆབ་མདོ་ས་ཁུལ་གྱིས་ཡུན་རིང་ལ་ནད་བཅོས་བྱེད་དགོས་པའི་ནད་པ་ཡོད་པའི་མིགས་བསལ་དཀའ་ངལ་ཁྱིམ་ཚང་དང་རྨས་ལྗིད་མོ་ཕོག་པ། དབང་བོ་སྐྱོན་ཅན་བཅས་ཀྱི་མང་ཚོགས་ལ་རོགས་སྐྱོར་བྱེད་རྒྱུ་ལག་བསྟར་བྱས་ཏེ་བསྡོམས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི1531དངོས་འབེབས་བྱས་པ་ལས་ཁེ་ཕན་ཐོབ་པའི་མི་གྲངས་མི་ཐེངས་ཁྲི5345ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག