མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཚོས་སྐབས23པའི་མི་རིགས་མཐུན་སྒྲིལ་ཟླ་བར་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། བསོད་བསྟན་གྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   2013-09-20 11:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཚོས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཚོགས་ཁང་དུ་སྐབས23པའི་མི་རིགས་མཐུན་སྒྲིལ་ཟླ་བ་དང་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་ལ་རྒྱལ་ཁའི་ངང་རྟེན་འབྲེལ་ཞུས་པ་རེད། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི100ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་ཟླ་བས་ཁྱོན་ཡོངས་འཐབ་ཇུས་ཀྱི་རྣམ་པའི་མཐོ་ཚད་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་དང་མི་རིགས་མཐུན་སྒྲིལ་གྱིས་ལྷ་སའི་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གལ་ཆེའི་དོན་སྙིང་ལ་སྐུལ་སྤེལ་བཏང་བ་གཏིང་ཟབ་གླེང་བ་མ་ཟད་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཟླ་བའི་ཡར་ཐོན་ལས་དོན་ལ་རེ་བ་གསལ་སྟོན་གནང་བ་རེད།

ཁྲེན་ཀོན་ཆུས་རྨེ་རུ་སྡེ་ཁུལ་ཨུ་ལྷན་ནས་ཡོང་བའི་མང་ཚོགས་ཀྱི་འཐུས་མི་ལྷག་པ་ཚེ་རིང་དང་སློབ་མའི་འཐུས་མི་ཟླ་སྒྲོན། ཁེ་ལས་ཀྱི་འཐུས་མི་ཝང་ཡིས་སོགས་ཀྱིས་རང་གི་དོན་དངོས་དང་ཟུང་འབྲེལ་གྱིས་དཔེ་ཚོན་གྱི་གནད་དོན་དང་རང་ངོས་ཀྱི་མྱོང་བ་སོགས་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་ལྷ་སའི་དུས་རབས་གསར་པའི་མི་སེམས་འགུལ་བའི་དོན་དངོས་བརྗོད་ཡོད་པ་རེད། སྤྲོ་སེམས་འཁོལ་བའི་གཏམ་བཤད་ཀྱིས་ཆ་ཚང་བའི་སྒོ་ནས་ཏང་ལ་བཅངས་པའི་བཀའ་དྲིན་དང་སྤུན་ཟླའི་མི་རིགས་དབར་གྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་པ་དང་མཐུན་སྒྲིལ་ཆེན་མོ་དང་འཕེལ་རྒྱས་ཆེན་མོ། འབྱོར་ཕྱུག་ཆེན་མོའི་བདེ་སྐྱིད་དང་དགའ་སྤྲོ་མཚོན་པར་བྱས་ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག