མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དཔེ་མཛོད་ཁང་སྔོན་རྩིས་ལྟར་ན་ཟླ་བ11པར་ལས་མཇུག་འགྲིལ་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་བསྟན་གྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   2013-09-20 11:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ས་ཁུལ་གྱིས་མི་རིང་བར་དཔེ་མཛོད་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་ཡིན་པ་དང་ད་ལྟ་བསྐྲུན་བཞིན་པའི་ནག་ཆུ་ས་ཁུལ་གྱི་དཔེ་མཛོད་ཁང་དེ་སྔོན་རྩིས་ལྟར་ན་ཟླ་བ11པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

ནག་ཆུ་ས་ཁུལ་གྱི་དཔེ་མཛོད་ཁང་ནི་གཅིག་བསྡུས་ཐོག་ནས་དཔེ་དེབ་ཉར་ཚགས་དང་བལྟ་ཀློག བརྙན་རིས། སྨྱན་སྦྱོར་སོགས་ནུས་པ་སྣ་མང་གཅིག་ཏུ་བསྡུས་པའི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་སྒྲིག་བཀོད་ཞིག་ཡིན་པ་དང་རྣམ་གྲངས་འདི་འཛུགས་སྐྲུན་ལས་འགོ་བརྩམས་པ་དེས་ནག་ཆུ་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་དཔེ་མཛོད་ཁང་མེད་པའི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་བ་མཚོན་ཡོད་པ་རེད།

འཛུགས་སྐྲུན་ལས་གྲྭའི་དོ་དམ་མི་སྣས་ངོ་སྤྲོད་བྱས་པར། ནག་ཆུ་ས་ཁུལ་དཔེ་མཛོད་ཁང་གི་རྣམ་གྲངས་ལ་ཁྱོན་སྒོར་ཁྲི2025མ་འཇོག་བྱས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ4747.28ཡོད་ལ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཡུལ་ནི་རྟ་རྒྱུགས་ཐང་གི་ཤར་ངོས་སུ་ཡིན་པ་རེད། རྣམ་གྲངས་འདི2012ལོའི་ཟླ་བ10༡༠པར་རྩིང་རྨང་བཏིངས་པ་དང་འདི་ལོའི་ཟླ་བ4པའི་ཚེས20ཉིན་དུས་ལྟར་ལས་གྲྭ་འགོ་བཙུགས་ནས་མིག་སྔར་གཙོ་བོའི་ལས་གྲྭ་ཆ་ཚང་མཇུག་འགྲིལ་བ་དང་ད་ལྟ་ཐོག་རྩེགས་དང་པོའི་ནང་ངོས་ཀྱི་ལས་གྲྭ་བསྐྲུན་བཞིན་ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག