མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་གསུམ་རྗོང་གིས་ཞིང་འབྲོག་ལས་བཟོ་པར་གླ་ཕོགས་སྒོར་ཁྲི91ལྷག་ལེན་རོགས་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-18 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁྲིམས་འགལ་ངང་ཞིང་འབྲོག་ལས་མི་ལས་ཀར་འཇུག་པ་དང་ངན་སེམས་བཅངས་ནས་ཞིང་འབྲོག་ལས་བཟོ་པར་གླ་ཕོགས་ཆད་ལ་འཇོག་པའི་བྱ་སྤྱོད་ལ་བརྡུང་རྡེག་ནན་མོ་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རྩོད་གླེང་ཡོད་པའི་ངལ་རྩོལ་གྱོད་གཞི་ཐག་གཅོད་བྱེད་པའི་བྱ་འགུལ་སྤེལ་ཏེ། མིག་སྔའི་བར་དུ། གླ་ཕོགས་རྩོད་གཞི་ཡོད་པའི་གྱོད་དོན10ཐག་བཅད་པ་དང་། ཞིང་འབྲོག་ལས་བཟོ་པར་གླ་ཕོགས་སྒོར་ཁྲི91.426ཚུར་བླངས་ནས་རྩིས་སྤྲོད་བྱས་པས་གྱོད་དོན་ཐག་གཅོད་ཚད100%ལ་སླེབས།

ཐེངས་འདིའི་བྱ་བའི་ཁྲོད། ཆུ་གསུམ་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ངལ་རྩོལ་བཅའ་ཁྲིམས་དང་། སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་ལས་བཟོ་པས་ལས་ཀ་གཉེར་བའི་གོ་རིམ་ཁྲོད་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་པར་ཁག་ཐེག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག