མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྨན་གླིང་རྫོང་གི་འགན་སྲུང་ལྔ་ཁྱིམ་ཚང་གཅིག་བསྡུས་ངང་གསོ་སྐྱོང་བྱེད་པའི་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡིན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-09-18 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དཀའ་ངལ་ཡོད་པའི་མང་ཚོགས་དམིགས་བསལ་ཅན་གྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གིས་འགན་སྲུང་ལྔ་ཁྱིམ་ཚང་གཅིག་བསྡུས་ངང་གསོ་སྐྱོང་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་བྱས་ལ། མིག་སྔར་རྣམ་གྲངས་དེའི་འཕེལ་རིམ་བདེ་བླག་ཡིན།

སྨན་གླིང་རྫོང་གི་རྫོང་དཔོན་གྱིས་ཙུའུ་ཀྲང་གི་འགན་འཁུར་ནས་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། གཅིག་གྱུར་སྒོས་འགན་སྲུང་ལྔ་ཁྱིམ་ཚང་གཅིག་བསྡུས་ངང་གསོ་སྐྱོང་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་བྱ་བ་བཀོད་སྒྲིག་བྱས།

མིག་སྔར་བྱ་བའི་རྣམ་གྲངས་བདེ་བླག་ངང་སྤེལ་བཞིན་ཡོད་དེ། རྣམ་གྲངས་ཀྱི་ས་གནས་འདེམས་པའི་བྱ་བ་གཏན་འཁེལ་བྱས་ཤིང་། སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ20000ཟིན། རྣམ་གྲངས་ཀྱི་དུས་རིམ་སྔོན་མའི་འགྲོ་ལུགས་ཐམས་ཅད་ལེགས་འགྲུབ་བྱུང་།

ཐེངས་འདིའི་འཛུགས་སྐྲུན་རྣམ་གྲངས་ལས2013ལོར་བོད་ལྗོངས་ཡོངས་ཀྱི་འགན་སྲུང་ལྔ་ཁྱིམ་ཚང་གཅིག་བསྡུས་ངང་གསོ་སྐྱོང་བྱེད་ཚད50%ལ་སླེབས་པ་དང་། སྨན་གླིང་རྫོང་གིས་འགན་སྲུང་ལྔ་ཁྱིམ་ཚང་གཅིག་བསྡུས་ངང་གསོ་སྐྱོང་བྱེད་ཚད100%ལ་སླེབས་པའི་ལས་འགན་དམིགས་འབེན་ཁག་ཐེག་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག