མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ལྷ་སའི་ཟམ་ཆེན་དང་པོ”སྟེ་རྔ་ཆེན་གཞུང་ལམ་ཟམ་ཆེན་ཐོག་རླངས་འཁོར་གཏོང་ལ་ཉེ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-09-17 10:03

(经济)(1)“拉萨第一桥”纳金公路大桥即将通车

འདི་ནི་སྤྱི་ཟླ9བའི་ཚེས14ཉིན་པར་དུ་བླངས་བའི་ལེགས་འགྲུབ་བྱུང་ནས་རླངས་འཁོར་གཏོང་རྩིས་ཡོད་པའི་ལྷ་སའི་རྔ་ཆེན་ཟམ་ཆེན་གྱི་ཟུར་ཞིག་ཡིན།

(经济)(2)“拉萨第一桥”纳金公路大桥即将通车

འདི་ནི་སྤྱི་ཟླ9བའི་ཚེས14ཉིན་པར་དུ་བླངས་བའི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་རྩིས་ཡོད་པའི་ལྷ་སའི་རྔ་ཆེན་ཟམ་ཆེན་གྱི་ཟུར་ཞིག་ཡིན།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།“ལྷ་སའི་ཟམ་ཆེན་དང་པོ”ཞེས་པའི་མིང་བཏགས་ཡོད་པའི་རྔ་ཆེན་གཞུང་ལམ་ཟམ་ཆེན་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སུ་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ1.28ཡོད་པ་དང་། བྱང་ཚད་ལ་སྨི33ཡོད། ཕྱོགས་གཉིས་ཀྱི་འཁོར་ལམ་དྲུག་ཡོད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.448བཏང་། རྔ་ཆེན་ཟམ་ཆེན་ནི2011ལོའི་སྤྱི་ཟླ1པོར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ཡིན་ལ། 2013ལོའི་སྤྱི་ཟླ10བའི་ཚེས1ཉིན་ལེགས་འགྲུབ་འབྱུང་ནས་རླངས་འཁོར་ཤར་གཏོང་བྱེད་རྩིས་ཡོད། ལེགས་འགྲུབ་བྱུང་རྗེས་ཟམ་ཆེན་འདི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་ས་ཁུལ་དང་རྒྱལ་ལམ318དང་འབྲེལ་མཐུད་བྱུང་བས་སྔར་ལས་ལྷག་པའི་སྒོ་ནས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནས་ཚུལ་ལེགས་བཅོས་བྱེད་ཐུབ། མིག་སྔར་ལྷ་སའི་ཆུ་བོ་ཐོག་ཨར་འདམ་གྱི་ཟམ་པ་གསུམ་ཡོད་པ་དང་མི་འགོར་བར་རྔ་ཆེན་ཟམ་པ་ནི་བྱང་ཚད་ཆེས་ཆེ་བའི་གཞུང་ལས་ཟམ་པ་ཡིན་པ་དང་ལྷ་སའི་ཆུ་བོ་ཐོག་གི་ཨར་འདམ་གྱི་གཞུང་ལམ་ཟམ་པ་ཨང་བཞི་བའང་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག