མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་དག་དམག་དཔུང་ལ་ཞུགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-09-14 11:01

(军事)(1)首批海军藏族大学生女兵奔赴海疆

སྤྱི་ཟླ9བའི་ཚེས12ཉིན། བོད་ལྗོངས་ལྷ་སའི་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་དག་གིས་གཉེན་ཉེ་དང་གྱེས་བརྡ་གཏོང་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས12ཉིན། བོད་ལྗོངས་དམག་ཁུལ་དང་ས་གནས་གཉིས་ཀྱིས་མཉམ་དུ་ལྷ་ས་ནས2013ལོའི་དམག་མི་གསར་བ་དམག་དཔུང་ལ་ཞུགས་པའི་སྐྱེལ་མ་མཛད་སྒོ་བསྡུས་ཏེ། སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མ་བུད་མེད་མཚོ་དམག་ལ་སྐྱེལ་མ་བྱས། ཟླ་གཅིག་ལྷག་གི་རིང་། བོད་རིགས་བུད་མེད་སློབ་ཆེན་སློབ་མ300ལྷག་གིས་མིང་ཐོ་འགོད་པ་དང་ལུས་ཕུང་ལ་བརྟག་བཤེར་བྱེད་པ། ཕྱོགས་བསྡུས་སྤུས་ཚད་དཔྱད་འཇོག་བྱེད་པ། ཆབ་སྲིད་ཞིབ་བཤེར་སོགས་ནན་ཏན་གྱི་དཔྱད་འདེམས་སྐོར་ཞིག་བྱས་པ་བརྒྱུད། མཇུག་མཐར་ཕུལ་བྱུང་བོད་རིགས་ན་གཞོན་བུ་མོ10སྐོར་དང་པོའི་མཚོ་དམག་གི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་དམག་མིར་གྱུར། །

  (军事)(2)首批海军藏族大学生女兵奔赴海疆

སྤྱི་ཟླ9བའི་ཚེས10ཉིན། ལྷ་སའི་པ་སངས་སྒྲོལ་མ་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་ཏུ་གྱུར་པས། སྤོ་བོ་བཀྲ་བྷོས་ཁོ་མོར་སྐུལ་ལྕག་གནང་བཞིན་པ།

(军事)(3)首批海军藏族大学生女兵奔赴海疆

སྤྱི་ཟླ9བའི་ཚེས12ཉིན། ལྷ་སའི་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་སྟེ། ཕ་ཡུལ་ཡུན་ནན་བདེ་ཆེན་ནས་ཡིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལོ་རིམ་གསུམ་པའི་སློབ་མ་དགུ་རོང་ཆོས་སྒྲོན་གྱིས་དམག་དཔུང་ལ་མ་ཞུགས་སྔོན་དུ་སྐྲ་བཞར་བཞིན་པ།

    (军事)(4)首批海军藏族大学生女兵奔赴海疆

སྤྱི་ཟླ9བའི་ཚེས12ཉིན། སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་དག་གིས་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་ལ་གུས་འདུད་ཕུལ་བཞིན་པ།

    (军事)(5)首批海军藏族大学生女兵奔赴海疆

སྤྱི་ཟླ9བའི་ཚེས10ཉིན། བོད་ལྗོངས་དམག་ཁུལ་གྱི་ལས་བྱེད་པ་དང་མཚོ་དམག་དམག་དཔུང་གི་དམག་མི་སྣེ་ལེན་པས་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་པ་སངས་སྒྲོལ་མའི་ཁྱིམ་དུ་བཅར་འདྲི་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག