མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས17པ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-08-23 10:37

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས 21ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས 17པ་སྐོང་འཚོགས་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་དབུ་འཁྲིད་ཀྲའུ་ཁྲུན་ལའེ་དང་ཀྲའོ་ཀྲེང་ཤུའུ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གནམ་གཤིས་བཅའ་ཁྲིམས་དང་། བོད་རང་སྐྱོང་ལྗོངས་གནམ་གཤིས་སྲོལ་ཡིག་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་ཇུས་གཞིར་ཞིབ་འཇུག་བྱས་པ་དང་སྦྲགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་བརྡ་ཐོའི་དགོངས་དོན་གཞིར་བཟུང་། ཞིང་ཆེན་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་ཞིབ་བཤེར་བྱེད་རྒྱུའི་བཀོད་སྒྲིག་བྱས་པ་རེད། གྲོང་གསེབ་ཁོར་ཡུག་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གནམ་གཤིས་བཅའ་ཁྲིམས་དང་། གནམ་གཤིས་སྲོལ་ཡིག་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་རྒྱུའི་ཇུས་གཞི་བཏོན་པ་མ་ཟད། ཇུས་གཞི་དེར་མོས་མཐུན་ཡང་བྱུང་བ་རེད། གྲོང་གསེབ་ཁོར་ཡུག་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་ལག་བསྟར་ནན་ཏན་བྱས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ལ་དཀྲིས་པའི་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱེད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོག་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོབ་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། གྲོང་གསེབ་ཁོར་ཡུག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུའི་བསམ་འཆར་གཞིར་བཟུང་བཟོ་བཅོས་སྔར་ལས་ལྷག་པ་རྒྱབ་རྗེས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ནས་གྲོས་ཞིབ་བསམ་འཆར་དེ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་མཉམ་དུ་པར་འགྲེམས་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་སྒྲུབ་རྒྱུར་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག