མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་མཇུག་སྒྲིལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-07-02 10:08

                           གྲོང་མི་རྣམས་ཀྱིས་བར་སྐོར་ཁྲོམ་གཞུང་གི་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱས་ཏེ་ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་པའི་ཚེས30ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་མཇུག་སྒྲིལ་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་དེ་སྤྱི་ལོ2012ལོའི་སྤྱི་ཟླ12པར་འགོ་བཙུགས་པ་དང་མ་འཇོག་སྒོར་དུང་ཕྱུར15བྱས་ཡོད། བར་སྐོར་ཁྲོམ་གཞུང་གི་ལྟེ་བ་བྱས་པའི་ལྷ་སའི་གྲོང་ཁུལ་རྙིང་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.33ཙམ་ཡོད་པ་དང་གྲོང་མི་ཁྲི6ཙམ་འཚོ་སྡོད་བྱེད་ཀྱི་ཡོད། དེ་གར་མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་པ་མ་ཟད་རྩ་ཆེའི་རིག་དངོས་ཀྱང་མང་པོ་ཉར་ཚགས་བྱས་ཡོད་པ་དང་། རྣམ་པ་འདྲ་མིན་གྱི་གནའ་བོའི་བཟོ་སྐྲུན་གྱི་སྒོ་ར་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡང་དུ་མ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག