མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རི་ཆུར་སྲུང་སྐྱོང་བྱེད་པའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་འགོ་བརྩམས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-07-01 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་དུས་སྤེལ་བའི་རི་ཆུར་གཅེས་སེམས་མཚོན་པར་བྱས་ནས་ལྷ་ཀླུ་འདམ་རར་སྲུང་སྐྱོང་བྱེད་པའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོའི་འགོ་འཛུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་ཀླུ་འདམ་ར་དང་ཇོ་མོ་གླུང་མ། མཚོ་བོད་ལྕགས་ལམལམ་ཐིག་གི་ནག་ཆུའི་དུམ་བུ་བཅས་རྒྱལ་ཡོངས་ཀྱི་རི་ཆུར་སྲུང་སྐྱོང་བྱེད་པའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོའི་གཙོ་གནད་ཡར་སྐུལ་རྣམ་གྲངས་སུ་བདམས་པ་དང་དེར་བརྟེན་ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་གྱི་མཇུག་རླངས་བཅོས་སྒྲིག་དང་བཙོག་སྐྱོན་ཡོངས་ཁུངས། ཁོར་ཡུག་སྐྱོང་བཅས་ཀྱི་བྱ་ཐབས་ལ་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།

ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ནང་སྐྱེ་དངོས་དཔལ་ཡོན་ལ་སྐུལ་འདེད་ཤུགས་ཆེར་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་བཏོན་པས་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་རྒྱལ་ཡོངས་སུ་རི་ཆུར་སྲུང་སྐྱོང་བྱེད་པའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་གཏན་འཁེལ་བྱས་པ་རེད། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་དངོས་བདེ་འཇགས་འགན་ལེན་བྱ་ཡུལ་ཞིག་ཡིན་པའི་ངོས་ནས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་དངོས་ཤེས་དཔལ་འཛུགས་སྐྱོང་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་རེད།

“ལྷ་ཀླུ་འདམ་རར་གཅེས་སེམས་མཚོན་པར་བྱེད་པའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་འདིས་བོད་ལྗོངས་ཀྱི་རི་ཆུར་སྲུང་སྐྱོང་བྱེད་པའི་དང་བླངས་པའི་ཞབས་ཞུ་ཁྱོན་ཡོངས་ནས་འགོ་བརྩམས་པ་མཚོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ཨུ་པུའུ་ཀྲང་གཞོན་མེང་ཞའོ་ལིང་གིས་གསུངས་པ་དང་“འཛམ་གླིང་གི་ཡང་རྩེ”དང་“ས་གོ་ལའི་རིམ་པ་གསུམ་པར”འབོད་པའི་བོད་ལྗོངས་ནི་ལྷོ་གླིང་དང་ཤར་ལྷོ་གླིང་ས་ཁུལ་གྱི“ཆུ་བོའི་འབྱུང་ཁུངས”དང་“སྐྱེ་དངོས་ཀྱི་འབྱུང་ཁུངས”ཞིག་ཡིན་པ་མ་ཟད་ད་དུང་ཀྲུང་གོ་དང་ཕྱེད་གླིང་གི“འགོ་བཙུགས་འཕྲུལ་ཆས”དང་“སྙོམས་སྒྲིག་ཁུལ”ཞིག་ཀྱང་ཡིན་སྟབས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་གལ་ཆེན་ཡོད་པ་རེད།

གསར་འགོད་པས་བྱེད་སྒོའི་ས་ཡུལ་དངོས་ནས་མཐོང་བར། དང་བླངས་པ་བརྒྱ་ཕྲག་གིས་ཁོར་ཡུག་སྲུང་སྐྱོང་གི་ལག་རས་འཁྱེར་བ་དང་རི་གཤམ་དང་རྩྭ་གསེང་གི་འཐུང་བྱའི་སྣོད་སྒྲུག་པ་དང་ནུས་ཤུགས་ཡོད་རྒུས་རྩྭ་གསེབ་ཏུ་ཡོད་པའི་གད་སྙིགས་སྒྲུག་བཞིན་ཡོད་པ་རེད། “ཁོར་ཡུག་སྲུང་སྐྱོང་ནི་སྤྱོད་བཟང་ཀྱི་ལས་དོན་ཞིག་རེད། དྭངས་ཤིང་གཙང་བའི་ཆུ་བོ་དང་སྔོ་ཤིང་དྭངས་བའི་ནམ་མཁར་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཚེ་སྲོག་རྒྱུན་གཏོང་བ་ཞིག་རེད” འདི་ལོ་ལོ་ན63ལ་སོན་པའི་བློ་དགའ་བཤད་པར་ལྷ་ཀླུ་འདམ་ར་ནི་མཁའ་རླུང་གསང་སེལ་བཟོ་བྱེད་དང་བཙོག་ཆུ་བཤངས་འབུད་བྱེད་ཀྱི་འཕྲུལ་འཁོར་ཆེན་པོ་ཞིག་ལས་ལྷག་པ་ཡོད་པ་དང་མི་ཚོས་ལྷ་སའི་གློ་བར་འབོད་པས་ང་ཚོས་གློ་བར་ནད་གཞི་འཇུ་དུ་བཅུག་མི་རུང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུ་འདམ་རའི་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི3600ལྷག་ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12.2ཡོད་པས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྒྱ་ཁྱོན་གྱི11.5﹪ཟིན་ཡོད་པས་མིག་སྔར་ཀྲུང་གོའི་ས་འབབ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པ་དང་ལོ་རེར་དབྱང་རླུང་ཏུན་ཁྲི5.37མཁོ་འདོན་བྱེད་པ་དང་ལྷ་སའི་གྲོང་ཁུལ་གྱི་མཁའ་རླུང་ཁྲོད་ལས་ཐལ་རྡུལ་ཏུན5475ཙམ་རྔུབ་པ་དང་གྲོང་ཁྱེར་གྱི་བཙོག་ཆུ་ཏུན་ཁྲི1000ལྷག་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

སྤྱི་ཟླ8པའི་ཟླ་མགོར། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ནག་ཆུར་མཚོ་བོད་ལྕགས་ལམ﹙བོད་ལྗོངས་ནག་ཆུའི་དུམ་བུ﹚དུམ་གྱི་སྐྱེ་དངོས་སྲུང་སྐྱོང་དང་བླངས་པའི་ཞབས་ཞུའི་བྱེད་སྒོའི་འགོ་བཙུགས་མཛད་སྒོ་གཉེར་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག