མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་གསོན་ཤུགས་གསར་པ་སྦྱིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-07-01 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ཡུལ་སྐོར་ཅུས་ཀྱིས་བོད་ལྗོངས་ཀྱི་ཐུན་མིན་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་དང་ཐུན་མིན་རིག་གནས་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་བ་དང༌། བྱ་ཐབས་སྣ་ཚོགས་བཟུང་ཏེ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། གྲོང་གསེབ་ཀྱི་ཆེད་དོན་ཡུལ་སྐོར་ཐོན་རྫས་གོང་འཕེལ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་གསོན་ཤུགས་གསར་པ་སྦྱིན་ཡོད་པ་རེད།

རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་བརྒྱུད། གྲོང་གསེབ་ཀྱི་ཡུལ་སྐོར་ཆེད་དོན་ཐོན་རྫས་གཏོད་ཡོད་པ་དང་མེ་ཏོག་རྫོང་དུ་ཐོན་རྫས་རྩེ་གྲ་གཏོད་པ། དམིགས་འཛུགས་དབུལ་སྐྱོར་དང་སྲིད་ཇུས་ཐད་ནས་གཟིགས་སྐྱོང་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས། གསར་བརྗེའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱབ་པ། ལྷ་སའི་ཞོ་སྟོན་གྱི་གནས་ཚད་རིམ་སྦོར་དང་གཞི་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན། ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན། ཉིང་ཁྲིའི་དྭགས་པོ་རོང་ཆེན་ཡུལ་སྐོར་རིག་གནས་དུས་ཆེན། ཆབ་མདོའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་ཀྱིས་སྣེ་འདྲེན་དང་རྨང་གཞི་བྱས་ཏེ། ས་མཐོའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་དུས་ཆེན་གྱི་ཐོན་རྫས་རིམ་བཞིན་གཏོད་པ། བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ་གཏོད་པ་བཅས་བྱས་པ་མ་ཟད། ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་ལམ་སོགས་ཀྲུང་གོའི་གྲགས་ཅན་གྱི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག