མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱི་ཞིང་འབྲོག་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུཌ་འཕེལ་རྒྱས་ཅུང་ཆེན་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-06-29 10:08

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་འབྲོག་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ཅུང་ཆེན་པོ་བྱུང་བ་དང༌། ད་བར་ས་ཁུལ་དེ་ཡོངས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་རིགས་མི་འདྲ་བ་ཁག333ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་གཞིས་རྩེ་ས་ཁུལ་གྱི་ཆེད་ལས་མཉམ་ལས་དཔར་འབྱོར་རྩ་འཛུགས་ཀྱི་ཐོ་བཀོད་མ་དངུལ་ཁྱོན་སྒོར་དུང་ཕྱུར1.98ཟིན་པ་དང་། རྒྱུ་ནོར་སྤྱི་འབོར་སྒོར2.8ཟིན་པ། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར1.14ཟིན་པ། ཁེ་སྤོགས་ཁྱོན་སྒོར་ཁྲི་ཚོ5000ལྷག་ཙམ་ཟིན་པ་བཅས་བྱུང་བ་དང༌། དཔལ་འབྱོར་རྩ་འཛུགས་ནང་ཞུགས་མཁན་དུད་ཚང16180དང་མི་གྲངས28291ཟིན་ནས། ཞིང་དུད15874དང་མི་གྲངས33900ཁྱབ་འགྱེད་སྐུལ་འཁྲིད་ཐུབ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་ས་ཁུལ་གྱི་རིགས་མི་འདྲ་བའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཙོ་བོ་ནི་ནས་དང་ཞོག་ཁོག སྔོ་ཚལ། ཀྭ་རིགས། ཤིང་ཏོག པད་ཁ། ནགས་ཚལ་ཐོན་ཁུངས་བཅས་གཙོ་བོ་བྱས་པའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང༌། ནོར་ལུག་རྒྱགས་གསོ་དང་གྲོ་མོའི་ཉ་གསོ་རྒྱུས་གཙོ་བོ་བྱས་པའི་ཁྱད་ལྡན་གསོ་སྤེལ་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་ཀྱིས་གཙོ་བོ་བྱས་པའི་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས། ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཀྱིས་གཙོ་བོ་བྱས་པའི་ཞིང་ཕྱུགས་ལས་སྣོན་དང་ཞིང་འབྲོག་ཐོན་རྫས་འདྲེན་འཚོང་དང་ཚོང་གཉེར་སོགས་ཀྱི་འཁོར་རྒྱུག་རྩ་འཛུགས། ཞིང་ལས་ཐོན་སྐྱེད་ལ་ཞབས་ཞུ་སྒྲུབ་རྒྱུས་གཙོ་བོ་བྱས་པའི་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང༌། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཏོད་རྒྱུར་སྣེ་ཁྲིད་དང་སྒྲིག་འཛུགས་བྱེད་པའི་ངལ་ནུས་ཕྱིར་གཏོང་དང་འཛུགས་སྐྲུན་རྒྱུ་ཆའི་མཉམ་ལས་རྩ་འཛུགས་བཅས་ཆགས་ཡོད་པ་རེད།

    རྩ་འཛུགས་ཀྱི་རྣམ་པ་ནི་གཙོ་བོ་ཆེད་ལས་ཐོན་སྐྱེད་མཉམ་ལས་ཁང་དང་ཆེད་ལས་མཐུན་ཚོགས། ཞིང་འབྲོག་མང་ཚོགས་ཀྱི་ཚོང་གཉེར་དཔུང་ཁག་བཅས་ཡོད་པ་དང༌། སྣེ་ཁྲིད་ཀྱི་རྣམ་པའི་ཐད་གཙོ་བོ་སྣེ་འདྲེན་ཁེ་ལས་དང་ཀུང་སིའི་སྣེ་ཁྲིད་ཀྱི་རྣམ་པ་དང་ཚན་པས་འགོ་ཁྲིད་དང་ལས་གཉེར་བྱེད་པའི་རྣམ་པ། འཇོན་ཐང་ཅན་གྱི་ཁྱིམ་དུད་ཀྱི་སྣེ་ཁྲིད་རྣམ་པ་སོགས་ཡོད་པ་མ་ཟད། ཆེད་ལས་མཉམ་ལས་དཔའ་འབྱོར་རྩ་འཛུགས་ཀྱི་སྣེ་ཁྲིད་བྱས་པ་བརྒྱུད་མི་རེར་ཆ་སྙོམས་ཡོང་འབབ་སྒོར1000ནས 2000བར་འཕར་སྣོན་བྱུང་ཡོད་པ་་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག