མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གོང་སྟོད་གྲོང་ཚོས་རུམ་འཐག་བཟོ་གྲྭ་གཉེར་ནས་བུད་མེད་རྣམས་འབབ་འཕར་ཕྱུག་འགྱུར་ལམ་དུ་འཁྲིད་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-06-29 10:08

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གོང་སྟོད་གྲོང་ཚོའི་རུམ་འཐག་བཟོ་གྲྭའི་ནང་། ལས་དོན་པ་ཚོས་གོ་རིམ་ལྡན་པའི་ངང་བོད་རུམ་སྣ་ཚོགས་འཐག་བཞིན་ཡོད་པ་རེད། བཟོ་གྲྭའི་འགན་ཁུར་བ་བསོད་ནམས་ཆོས་སྒྲོན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོའི་ནང་། ཆུ་གསུམ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཚོའི་ནང་གི་བུད་མེད་སྒྲིག་འཛུགས་བྱས་ཏེ། རུམ་འཐག་ལག་རྩལ་སྦྱོང་བརྡར་སྤྲད་པ་མ་ཟད་ཁོང་ཚོར་མ་དངུལ་སྒོར་ཁྲི 2གྲབ་གསོག་བྱས་ཏེ་གྲོང་ཚོའི་རུམ་འཐག་བཟོ་གྲྭ་གཉེར་བ་རེད། བཟོ་གྲྭ་དེའི་ལས་བཟོ་པས་ཞིང་ལས་དལ་བའི་སྐབས་སུ་བཟོ་གྲྭར་ལས་ཀ་བྱེད་པར་ཡོང་ནས་ཡོང་འབབ་གསོག་པར་ཡོང་གི་ཡོད་ཅེས་དང་། ཁོང་གིས་གསར་འགོད་པར་ང་ཚོས་གཅིག་འགྱུར་སྡོད་ཁང་གསར་རྒྱག་བྱས་པ་དང་། དེ་གར་ལས་ཀར་ཡོང་མཁན་བུད་མེད237ཡོད་པ་དེ་ཚོར་མི་རེར་ཟླ་རེར་གླ་ཆ་སྒོར1000ལྷག་ཙམ་སྤྲོད་ཀྱི་ཡོད་པས། ཁོང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོའི་ནང་ཆུ་གསུམ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྦྱོང་བརྡར་འཛིན་གྲྭ་ཐེངས་མང་གཉེར་ནས། དེ་གའི་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་རུམ་འཐག་ཐད་སྦྱོང་བརྡར་སྤྲད་དེ། ཞིང་འབྲོག་ཁུལ་གྱི་བུད་མེད་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག