མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ལྗོངས་བྱ་སྤྱོད་ཞེས་པའི་བྱེད་སྒོའི་བོད་སྐྱོད་མཛུབ་ཁྲིད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-06-29 10:07

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས24ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ལྗོངས་བྱ་སྤྱོད་ཞེས་པའི་བྱེད་སྒོའི་བོད་སྐྱོད་མཛུབ་ཁྲིད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ལྗོངས་བྱ་སྤྱོད་ཞེས་པའི་བྱེད་སྒོ་དེ་ནི་ད་ལོ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་དོན་ཞིག་ཡིན་པ་དང༌། ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག ཚན་པ་ཁག་གིས་གོ་སྐབས་ཀྱི་འདུ་ཤེས་ཟབ་མོ་བཅངས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་འཛུགས་ཁག་དྲུག་དང་དམ་པོར་བསྟུན་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་པ། དམངས་འཚོ་སྔོན་ལ་འཇོག་པའི་བཀོད་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཁྲོམ་རའི་གཙོ་གཟུགས་སྐྱེད་བསྲིང་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་བྱས་ཏེ་རྣམ་གྲངས་སྟོབས་ཆེར་གཏོང་བ་དང༌། རྣམ་གྲངས་ཀྱི་དུས་མཚམས་གོང་མའི་ལས་དོན་ཏན་ཏིག་སྒྲུབ་པ། སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ལས་ཀ་འབྲེལ་མཐུད་ཞིབ་ཚགས་བྱེད་པ་བཅས་ཀྱིས་སེམས་རྩ་འཁོལ་ལ་དོ་ནན་པའི་ཞབས་ཞུའི་ཐོག་ནས་ཏན་ཏན་ཏིག་ཏིག་ངང་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ལྗོངས་བྱ་སྤྱོད་ཞེས་པའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྤེལ་ཏེ། ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་རྒྱུ་བརྩོན་ལེན་ཧུར་ཐག་བྱས་ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་གཟི་བརྗིད་བྱ་གཞག་སྐུལ་འདེད་ཚོགས་པ་བཅས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བྱེད་སྒོའི་སྔོན་དཔག་དམིགས་ཚད་སྒྲུབ་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་རྒྱུ་འགན་སྲུང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག