མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་གྲོང་ཁུལ་རྙིང་པའི་བསྒྱུར་བཟོ་ལས་གྲྭ་དེ་རིང་ནས་མཇུག་སྒྲིག་རྒྱུ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-06-29 10:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་པ་དང༌། གནའ་གྲོང་གི་གནའ་ཉམས་སྲུང་སྐྱོབ་དང་། ཆུ་མཁོ་འདོན་དང་བཙོག་ཆུ་བཤངས་བའི་སྦུག་ལམ་བསྒྱུར་བཟོ། བར་སྐོར་ཁྲོམ་གཞུང་གི་རྡོ་གཅལ་འདིང་རྒྱུ། གཙུག་ལག་ཁང་ཐང་ཆེན་གྱི་རྡོ་གཅལ་བརྗེ་ལེན་སོགས་ཀྱི་རྣམ་གྲངས་ཚང་མ་ལེགས་སྒྲུབ་བྱུང་ཡོད་པ་རེད།

ཉིན་ཤས་ནང་གློག་ཤུགས་ལས་གཞིའི་བསྒྱུར་བཟོ་དེ་ས་ཁོངས་དབྱེ་ནས་གློག་ཤུགས་ཀྱི་སྒྲིག་ཆས་གསར་པ་བེད་སྤྱོད་གཏོང་འགོ་ཚུགས་པ་མ་ཟད། སྤྱི་ཚེས28ཉིན་ལྷ་སའི་གྲོང་ཁུལ་རྙིང་པ་བསྒྱུར་བཟོ་ཁྱོན་ཡོངས་ནས་ལེགས་སྒྲུབ་ཡོང་བ་བྱེད་རྒྱུ་རེད། ལྷ་སའི་གྲོང་ཁུལ་རྙིང་པའི་གློག་ཤུགས་བསྒྱུར་བཟོའི་ལས་གཞིའི་འགན་ཁུར་བ་དོན་གྲུབ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་ཤུགས་བསྒྱུར་བཟོའི་ལས་གཞི་ལག་བསྟར་བྱེད་འགོ་བཙུགས་ཚུན་གྲོང་ཁུལ་རྙིང་པར་ཧྥུ་སྟོང་ཚན110གློག་སྒྱུར་ས་ཚིགས་གཅིག་གསར་སྐྲུན་བྱས་པ་་དང༌། སྒོ་རྭ་དང་དུད་ཚང་ནང་འཁྲིད་པའི་གློག་གི་ཆུ་ཚོད1477སྒྲིག་སྦྱོར་བྱས་ཡོད་པ་རེད།

ད་ལྟ་ལྷ་སའི་གྲོང་ཁུལ་རྙིང་པའི་གློག་ཤུགས་བསྒྱུར་བཟོའི་ལས་གཞི་སྤྱིར་ན་ལེགས་སྒྲུབ་ཟིན་པ་དང་གློག་སྐུད་གསར་པ་ཚང་མ་འཁྲིད་ཟིན་ཞིང༌། གློག་སྐུད་གསར་པ་རྒྱུན་ལྡན་ལྟར་འཁོར་བསྐྱོད་བྱས་རྗེས་གློག་སྐུད་རྙིང་པ་སྔ་རྗེས་སུ་མེད་པ་བཟོ་རྒྱུ་རེད། ལས་གཞི་དེ་ལེགས་སྒྲུབ་བྱུང་རྗེས་གྲོང་ཁུལ་རྙིང་པའི་གློག་འདོན་ནུས་པ་ཆེས་ཆེར་ཆེ་རུ་འགྲོ་རྒྱུ་དང་གྲོང་མི་ཚོའི་བེད་སྤྱོད་གཏོང་བའི་གློག་གི་བདེ་འཇགས་ཐད་ལ་ཡང་ཤུགས་སྣོན་ཐེབས་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག